འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་སིང་ཕྱེ་དང་སྔོ་ཚལ་བཟོས་རྫས་
    སོགས་ཚད་གཞི་མ་ལོན་པའི་ཟས་རིགས་ཁག་ཐེངས་4བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་དུས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་སིང་ཕྱེ་དང་སིང་ཕྱེའི་བཟོས་རྫས་དང་། སྔོ་ཚལ་བཟོས་རྫས། བཟའ་སྣུམ། སྣུམ་ཚིལ་དང་དེའི་བཟོས་རྫས། ཤའི་བཟོས་རྫས། སྒོ་ངའི་བཟོས་རྫས། སྦྲང་རྩིའི་ཐོན་རྫས་དང་ཕག་ཀྲིན་སོགས་ཟས་རིགས་རིགས་ཁག་9ཡི་དཔེ་མཚོན་ཐོན་རྫས་ཁག་ཐེངས་509ལ་འཐེན་བཤེར་བྱེད་པའི་སྒྲིག་འཛུགས་བྱས་པར། འཐེན་བཤེར་རྣམ་གྲངས་ཀྱི་ཚད་གཞི་ལོན་པའི་དཔེ་མཚོན་ཁག་ཐེངས་505དང་ཚད་གཞི་མ་ལོན་པའི་དཔེ་མཚོན་ཐོན་རྫས་ཁག་ཐེངས་4ཡོད་པ་རེད། ཟས་རིགས་བདེ་འཇགས་ཐད་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་གཞིར་བཟུང་ཚད་གཞི་ལོན་མེད་པའི་རྣམ་གྲངས་ཁག་གཅིག་གི་ཐོན་རྫས་ཀྱང་ཚད་གཞི་ལོན་མེད་པའི་ཐོན་རྫས་ཡིན་པའི་ཐག་གཅོད་བྱས་ཡོད།
         སྤྱིའི་གནས་ཚུལ་ལ་གཞིགས་ན། སིང་ཕྱེ་དང་སིང་ཕྱེའི་བཟོས་རྫས་ཁག་ཐེངས་41ནང་ཚད་གཞི་མ་ལོན་པའི་དཔེ་མཚོན་ཐོན་རྫས་ཁག་ཁེངས་3དང་སྔོ་ཚལ་བཟོས་རྫས་ཁག་ཁེངས་102ནང་ཚད་གཞི་མ་ལོན་པའི་དཔེ་མཚོན་ཐོན་རྫས་ཁག་ཐེངས་1ཡོད། ཇ་ལོ་དང་འབྲེལ་ཡོད་བཟོས་རྫས་ཁག་ཐེངས་22དང་། སྒོ་ངའི་བཟོས་རྫས་ཁག་ཐེངས་24 སྦྲང་རྩིའི་ཐོན་རྫས་ཁག་ཐེངས་59 ཕག་ཀྲིན་ཁག་ཐེངས་37 ཤའི་བཟོས་རྫས་ཁག་ཐེངས་48 བཟའ་སྣུམ་དང་སྣུམ་ཚིལ་དང་དེའི་བཟོས་རྫས་ཁག་ཐེངས་76 བྲོ་རྫས་ཁག་ཐེངས་100བཅས་ལས་ཚད་གཞི་མ་ལོན་པའི་དཔེ་མཚོན་ཐོན་རྫས་ཐོན་མེད།
      

    ཕྱོགས་བསྡུས་གསར་འགྱུར།