འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མཚོ་གཏིང་གི་ཐོན་ཁུངས་བརྟག་དཔྱད་དང་རྩད་ཞིབ་གསར་སྤེལ་ལ་གྲུབ་འབྲས་
    གཡུར་དུ་ཟ་བ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་རྒྱལ་ཁབ་རྒྱ་མཚོ་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། རང་རྒྱལ་གྱི་མཚོ་གཏིང་གི་ཐོན་ཁུངས་བརྟག་དཔྱད་དང་རྩད་ཞིབ་གསར་སྤེལ་ལས་དོན་ལ་གྲུབ་འབྲས་ཆེ་མོ་མང་པོ་ཐོབ་ཅིང་། ལྕགས་རིགས་མང་པོའི་འགྲིལ་སྙིང་རྩད་ཞིབ་གན་རྒྱ་ནར་འགྱངས་ཀྱི་འདུན་ཞུ་ལ་རྒྱལ་སྤྱིའི་མཚོ་གཏིང་དོ་དམ་ཅུས་ལས་འཛིན་ལྷན་ཚོགས་ཀྱི་ཞིབ་དཔྱད་ཆོག་འཐུས་བདེ་བླག་ངང་ཐོབ་པ་དང་། རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱིས་སྔ་རྗེས་སུ་རྒྱ་མཚོ་ཆེ་མོར་འགྲུལ་སྐྱོད་ལས་འགན་ཐེངས་5སྒྲིག་འཛུགས་བྱས་ནས“ཀླུ་མོ”རྟགས་ཅན་གྱི་མི་ཞུགས་ཆུར་འཛུལ་ཡོ་བྱད་ཀྱི་ཚོད་ལྟའི་ཉེར་སྤྱོད་ལས་དོན་ལ་རྩད་ཞིབ་གན་རྒྱ་བཞག་པའི་ས་ཁུལ་གྱི་ཕྱི་རོལ་ལས་དོན་བརྟག་དཔྱད་བྱ་རྒྱུ་གཙོ་གནད་ཐོག་འགན་ལེན་བྱས་ཏེ་ཐོན་ཁུངས་བརྟག་དཔྱད་ལས་དོན་རྒྱུན་མི་ཆད་པར་རྒྱ་ཆེར་བཏང་ཡོད། གཞན་ཡང་མཚོ་གཏིང་གི་སྒྲིག་བཀོད་ལག་རྩལ་རིམ་གྱིས་སྤྱོད་པ་དང་མཚོ་གཏིང་བརྟག་དཔྱད་ནུས་པ་སྔར་བས་ཆེ་རུ་སོང་ཁར“ཀླུ་མོ”རྟགས་ཅན་གྱི་མི་ཞུགས་ཆུར་འཛུལ་ཡོ་བྱད་དང་། “ཆུར་འཛུལ་ཀླུ་མོའི”ཁོངས་གཏོགས་ཀྱི་མི་མེད་སྐུད་མེད་ཀྱི་ཆུར་འཛུལ་ཡོ་བྱད། “མཚོའི་ཀླུ་མོའི”ཁོངས་གཏོགས་ཀྱི་མི་མེད་སྐུད་འཛིན་གྱི་ཆུར་འཛུལ་ཡོ་བྱད་སོགས་མཚོ་གཏིང་དུ་འཛུལ་བའི་མཐོ་གསར་ལག་རྩལ་གྱི་སྒྲིག་ཆས་ཀྱིས་རང་རྒྱལ་ལ་ཐོན་ཁུངས་བརྟག་དཔྱད་དང་རྩད་ཞིབ་གན་རྒྱའི་འོས་འགན་གཙང་མ་སྒྲུབ་ཆེད་འགན་ལེན་ནུས་ལྡན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།