འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མོང་གོལ་རྒྱལ་ཁབ་ཀྱི་ཧུའུ་ལའར་ཆེན་པོ་(གྲོས་ཚོགས)ཡི་ཀྲུའུ་ཞིས་མོང་ཀྲུང་དབར་གྱི་
    ཚན་རྩལ་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་2ཉིན་ཨུ་ལན་དཔའ་ཐུལ་དུ་མོང་གོལ་རྒྱལ་ཁབ་ཀྱི་ཧུའུ་ལའར་པོ་ཆེན་པོ་(གྲོས་ཚོགས)ཡི་ཀྲུའུ་ཞི་ཨེན་ཧོ་པའོ་ལེ་ཏེས་འཚམས་འདྲིར་ཕེབས་པའི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་པའེ་ཁྲུན་ལི་དང་ཐུག་འཕྲད་གནང་སྐབས་མོང་གོལ་རྒྱལ་ཁབ་ཀྱིས་མོང་ཀྲུང་དབར་གྱི་ཚན་རྩལ་མཉམ་ལས་ལ་མཐོང་ཆེན་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་མཉམ་ལས་དམ་ཟབ་མུ་མཐུད་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
         ཨེན་ཧོ་པའོ་ལེ་ཏེས་ཐུག་འཕྲད་བྱེད་རིང་ཀྲུང་གོའི་འབྲེལ་ཡོད་སྡེ་ཚན་གྱིས་མོང་གོལ་རྒྱལ་ཁབ་ལ་ཕུལ་བྱུང་གི་གཞོན་ནུ་ཤེས་ལྡན་པ་གསོ་སྐྱོང་བྱ་ཆེད་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་བྱས་ཤིང་། ཁོང་གིས་ཚན་རྩལ་མཉམ་ལས་བྱས་པ་དེས་ཀྲུང་གོ་དང་། མོང་གོལ་རྒྱལ་ཁབ། ཨུ་རུ་སུ་བཅས་དབར་གྱི་དཔལ་འབྱོར་བར་ཁྱམས་འཕེལ་རྒྱས་དང་འཛུགས་སྐྲུན་བྱེད་རིང་ནུས་པ་དེ་བས་ཆེ་བ་བཏོན་ནས་ཀྲུང་གོ་ཚན་རིག་ཁང་དང་མོང་གོལ་རྒྱལ་ཁབ་ཚན་རིག་ཁང་གིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་མཉམ་ལས་དམ་ཟབ་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
         གོང་ཚེས་ཉིན་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨེའར་ཏེང་པ་ཐེས་ཀྱང་པའེ་ཁྲུན་ལི་དང་བཅས་པ་ཐུག་འཕྲད་བྱས་པ་རེད། ཁོང་རང་ཉིད་གཟའ་འཁོར་གཉིས་ཀྱི་རྗེས་སུ་པེ་ཅིང་དུ་འཚོག་རྒྱུའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་དབུ་ཚོགས་ཀྱི་གླེང་སྟེགས་ནང་ཞུགས་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
         པའེ་ཁྲུན་ལི་དང་བཅས་པས་མོང་གོལ་རྒྱལ་ཁབ་ཚན་རིག་ཁང་གི་གདན་ཞུས་ལྟར་ཟླ་4ཚེས་30ཉིན་ནས་ཟླ་5ཚེས་3ཉིན་བར་མོང་གོལ་དུ་འཚམས་འདྲི་དང་ཆབས་ཅིག་རིག་གཞུང་སྤེལ་རེས་ཀྱང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།