འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དཔེ་དེབ་4ལ་ཁེན་ནི་ཡའི་པར་སྐྲུན་ཆོག་མཆན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་འབྲི་ཆུ་དཔེ་སྐྲུན་སྨྱན་སྦྱོར་ཚོགས་པའི་ཁོངས་གཏོགས་ཡིན་པའི་ཧུའུ་པེ་ཚན་རིག་ལག་རྩལ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་《ཕྱར་བ་གྲུ་འདེགས་བྱས་ནས་རབ་བྱུང་གཅིག་སོང་བ། ཀྲུང་ཧྥེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་རིང་གི་མི་སྣ་བདམས་བཀོད་》(ཀྲུང་དབྱིན་ཤན་སྦྱར་པར་མ་དང་ཀྲུང་ཧྥ་ཤན་སྦྱར་པར་མ)དང་། 《ཁེན་ནི་ཡའི་རྒྱལ་ཁབ་ས་ཁམས་རྒྱང་ཚོར་རི་མོ་གཅེས་བཏུས》(དབྱིན་ཡིག་པར་མ) 《ཁེན་ནི་ཡའི་རྒྱུན་མཐོང་རྩི་ཤིང་》(དབྱིན་ཡིག་པར་མ)སོགས་དཔེ་དེབ་4ལ་ཉེ་ཆར་ཁེན་ནི་ཡ་སྲིད་གཞུང་གི་པར་སྐྲུན་ཆོག་མཆན་ཐོབ་ཡོད། དེ་ནི་ཀྲུང་གོའི་དཔེ་དེབ་ལ་ཀྲུང་ཁེན་གཉིས་ཀྱི་རྒྱལ་སྤྱིའི་ཚད་ལྡན་ཡིག་ཨང་མི་འདྲ་བ་གཉིས་ཀྱི་ཐོག་ནས་པར་འགྲེམས་ཐོག་མ་བྱས་པ་དེ་རེད།
          《ཕྱར་བ་གྲུ་འདེགས་བྱས་ནས་རབ་བྱུང་གཅིག་སོང་བ། ཀྲུང་ཧྥེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་རིང་གི་མི་སྣ་བདམས་བཀོད་》ཅེས་པ་ནི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་རྩོམ་སྒྲིག་པར་ལེན་བྱས་པའི་《ཕྱར་བ་གྲུ་འདེགས་བྱས་ནས་རབ་བྱུང་གཅིག་སོང་བ། ངའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྒྲུང་གཏམ་》ཞེས་པའི་བརྙན་འཕྲིན་རྒྱུན་མཐུད་པར་གཞིར་གཞིགས་ནས་རྩོམ་སྒྲིག་བྱས་པ་ཞིག་ཡིན་པ་དང་ཁེན་ནི་ཡར་ཀྲུང་དབྱིན་ཤན་སྦྱར་དང་ཀྲུང་ཧྥ་ཤན་སྦྱར་གྱི་དཔེ་དེབ་མི་འདྲ་བ་གཉིས་པར་འགྲེམས་བྱས་ཡོད། དེའི་ནང་ཀྲུང་ཧྥེ་ཕྱོགས་གཉིས་ཀྱི་མི་སྣ་60ཡི་ངོ་མཚར་ཆེ་བའི་སྒྲུང་གཏམ་བཀོད་པ་དེ་ལས་ལོ་60ཡི་རིང་ཀྲུང་ཧྥེའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚན་རྩལ། སློབ་གསོ། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་འཕེལ་རྒྱས་ཆེན་པོ་བྱུང་བ་མཚོན་གྱི་ཡོད་པ་རེད།
          《ཁེན་ནི་ཡའི་རྒྱལ་ཁབ་ས་ཁམས་རྒྱང་ཚོར་རི་མོ་གཅེས་བཏུས་》དང་《ཁེན་ནི་ཡའི་རྒྱུན་མཐོང་རྩི་ཤིང་》ཞེས་པའི་དཔེ་དེབ་གཉིས་པོ་ནི་ཀྲུང་གོ་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་གྱིས་ཁེན་ནི་ཡའི་རིགས་གཅིག་མཁས་ཅན་དང་ནུས་རྒྱུའི་ཁོར་ཡུག་ཁྱབ་ཁོངས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཁྱབ་ཁོངས་སུ་ཚན་རིག་ཞིབ་འཇུག་ཐད་མཉམ་ལས་བྱེད་པའི་གྲུབ་འབྲས་ཤིག་ཡིན་པ་དང་ཁེན་ནི་ཡར་དབྱིན་ཡིག་པར་མ་པར་འགྲེམས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།