འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།“ཕེའོ་ཅིན་ཧུའེ་ཡི་གྱོད་གཞིར”ཧྲོའར་དུ་སྔོན་འགྲོའི་འདྲི་ཞིབ་ཐོག་མ་བྱས་པ།

    དག་འབུད་ཁྲིམས་རྩོད་པས་སྐྱོན་འདོན་ཞུ་གཏུག་བྱས་པ་ཚང་མ་ཁས་མ་བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཧན་གོའི་ཁྲིམས་ཁང་གིས་ཧན་གོའི་ཙུང་ཐུང་ཟུར་པ“ཕེའོ་ཅིན་ཧུའེ་ཡི་གྱོད་གཞིར”སྔོན་འགྲོའི་འདྲི་ཞིབ་ཐོག་མ་བྱས་ཤིང་། ཕེའི་ཅིན་ཧུའེ་ཡི་དག་འབུད་ཁྲིམས་རྩོད་པས་ཁྲིམས་རའི་ཐོག་གཞུང་གཏུག་པས་སྐྱོན་འདོན་ཞུ་གཏུག་བརྒྱབ་པ་ཚང་མ་ཁས་བླངས་མེད་པ་རེད།
          གོང་ཚེས་ཉིན་ཧྲོའར་ཀྲུང་དབྱང་ས་གནས་ཁྲིམས་ཁང་དུ་སྔོན་འགྲོའི་འདྲི་ཞིབ་བྱས་པ་དང་ཕེའོ་ཅིན་ཧུའེ་ཞུགས་མེད་པ་རེད། ཁོང་གི་དག་འབུད་ཁྲིམས་རྩོད་པས་ཁྲིམས་རའི་ཐོག་གཞུང་གཏུག་པས་སྐྱོན་འདོན་ཞུ་གཏུག་བརྒྱབ་པ་ཚང་མ་ཁས་བླངས་མེད་པ་མ་ཟད། ད་དུང་གཞུང་གཏུག་པས་མཁོ་འདོན་བྱས་པའི་ཤོག་ལྷེ་ཁྲི་12ལྷག་ཙམ་ཡོད་པའི་བརྟག་དཔྱད་ཡིག་རིགས་ལ་ལྟ་ཀློག་བྱས་རྗེས་གཞུང་གཏུག་པས་ཉེས་བགྲང་ཞུ་སྦྱོར་བྱས་པར་རྩོད་ལན་ཡང་དངོས་སུ་བཏབ་པ་རེད།
         ཕེའོ་ཅིན་ཧུའེ་ཕྱོགས་ཀྱིས་དུས་མཚུངས་སུ་གཞུང་གཏུག་པར་ཉེས་བགྲང་ཞུ་སྦྱོར་བྱས་པའི་ཞིབ་ཆ་འགྲེལ་བཤད་སྔར་བས་གསལ་པོ་རྒྱག་རྒྱུའི་རེ་བ་བཏོན་པའི་གྲས་སུ“འགན་དབང་གང་བྱུང་དུ་སྤྱད་པ་དང་མ་དངུལ་བཙན་ཤེད་ཀྱིས་གཏོང་བཅུག་པ”སོགས་འབྲེལ་ཡོད་ཉེས་བགྲང་ཞུ་སྦྱོར་བྱས་པ་དང་འབྲེལ་བ་ཡོད་པའི་གནོད་འཚེ་ཕོག་མཁན་ནི་ཁེ་ལས་སམ་ཡང་ན་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་སུ་ཞིག་ཡིན་པ་སོགས་ཚུད་ཡོད།
        “ཕེའོ་ཅིན་ཧུའེ་ཡི་གྱོད་གཞི”དང་འབྲེལ་བ་ཡོད་པའི་གྱོད་འབྲེལ་དོགས་ཅན་རེན་ལེ་ཐེན་ཚོགས་པའི་ཚོགས་གཙོ་ཤིན་ཏུང་པིན་དང་དེ་བཞིན་ཕེའོ་ཅིན་ཧུའེ་ཡི་གྲོགས་བཟང་ཚུའེ་ཧྲུན་ཧྲེ་ཡང་ཉིན་དེའི་སྔོན་འགྲོའི་འདྲི་ཞིབ་ནང་ཞུགས་མེད་ཅིང་། མི་དེ་གཉིས་ཀྱི་ཁྲིམས་རྩོད་པས་ཁྲིམས་རའི་ཐོག་གཞུང་གཏུག་པས་སྐྱོན་འདོན་ཞུ་གཏུག་བརྒྱབ་པ་ཁས་བླངས་མེད་པ་རེད།
         ཧན་གོའི་ཁྲིམས་ཁང་གིས་འདི་ཟླའི་ཚེས་16ཉིན་སྔོན་འགྲོའི་འདྲི་ཞིབ་བསྐྱར་དུ་བྱ་རྩིས་ཡོད་པ་དང་ཚེས་23ཉིན་དངོས་གཞིའི་ཁྲིམས་རའི་འདྲི་ཞིབ་ཐོག་མ་བྱ་རྒྱུ་རེད། གྱོད་འབྲེལ་དོགས་ཅན་ངེས་པར་དུ་དངོས་གཞིའི་ཁྲིམས་རའི་འདྲི་ཞིབ་ནང་ཞུགས་དགོས་ཀྱི་ཡོད།
         ཧན་གོའི་གཞུང་གཏུག་པས་ཟླ་བ་གོང་མར་ཉེས་སྤྱོད་རྣམ་གྲངས་18དྲངས་ནས་ཕེའོ་ཅིན་ཧུའེ་ཁྲིམས་སྦྱོར་བྱ་རྒྱུའི་ཐག་བཅད་པའི་གྲས་སུ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པ་དང་། འགན་དབང་གང་བྱུང་དུ་སྤྱད་པའི་དོགས་གཞི་ཡོད་པ། མ་དངུལ་བཙན་ཤེད་ཀྱིས་གཏོང་བཅུག་པའི་དོགས་གཞི་ཡོད་པ་སོགས་ཚུད་ཡོད། ཧན་གོའི་སྨྱན་སྦྱོར་གྱིས་གལ་ཏེ་ཉེས་སྤྱོད་རྣམ་གྲངས་དག་གྲུབ་ཚེ་ཕེའོ་ཅིན་ཧུའེ་ཉུང་མཐར་ཡང་བཙོན་འཇུག་ལོ་བཅུ་བྱ་རྒྱུའི་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད།
         འདི་ལོའི་ཟླ་3ཚེས་10ཉིན་ཧན་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་ལས་ཐོག་ཙུང་ཐུང་ཕེའོ་ཅིན་ཧུའེ་ལ་དམིགས་པའི་ནག་ཉེས་ཐེར་འདོན་གྱོད་གཞི་འདྲི་ཞིབ་བྱ་རྒྱུའི་གྲོས་འཆམ་བྱས་པ་བརྒྱུད་ཕེའོ་ཅིན་ཧུའེ་ཉིད་ཧན་གོའི་ལོ་རྒྱུས་ཐོག་གི་ནག་ཉེས་ཐེར་འདོན་བྱས་ནས་གནས་དབྱུང་བཏང་བའི་ཙུང་ཐུང་ཐོག་མར་གྱུར་པ་དང་ཁྲིམས་སྒོ་རང་བཙན་གྱི་དབང་ཆ་ཤོར་ཡོད། ཟླ་3ཚེས་31ཉིན་གྱི་ཐོ་རེངས་སུ་ཕེའོ་ཅིན་ཧུའེ་འཛིན་བཟུང་བྱ་རྒྱུར་ཁྲིམས་ཁང་གི་ཆོག་མཆན་ཐོབ་པ་དང་དེ་རྗེས་ཧྲོའར་གྱི་ཉེས་ཅན་ལྟ་སྲུང་ཁང་དུ་ཟུར་འཇུག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།