འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཟེར་བྷེ་ཇན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བས་ཀྲུང་ཨའི་འབྲེལ་བའི་འབྱུང་འགྱུར་
    གྱི་ལོ་25ཡི་མཚར་སྡུག་བཀྲ་བའི་ལེའུ་ཐུན་ཐོང་ཐོག་རྩོམ་འདོད་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཨ་ཟེར་བྷེ་ཇན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝེ་ཅིང་ཧྭ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་ཨའི་དབར་འབྲེལ་བ་བཙུགས་ནས་ལོ་25སོང་རིང་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ཟམ་མི་ཆད་པར་ཇེ་ཟབ་ཏུ་སོང་ཡོད། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བཤད་པ་རེད།
         ཝེ་ཅིང་ཧྭ་ཡིས་དཔལ་འབྱོར་ཚོང་དོན་མཉམ་ལས་ཐད་ཀྲུང་གོ་འདི་ཉིད་ཨ་ཟེར་བྷེ་ཇན་གྱི་ཚོང་དོན་རོགས་ཟླ་ཆེ་ཁག་བདུན་པ་དང་ནང་འདྲེན་བྱ་ཡུལ་རྒྱལ་ཁབ་ཆེ་ཁག་གསུམ་པ་དེར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། 2016ལོར་ཀྲུང་ཨའི་ཕྱོགས་གཉིས་དབར་ཉོ་ཚོང་བྱེད་ཚད་ཨ་སྒོར་དུང་ཕྱུར་7.69ཟིན་ནས་དུས་མཚུངས་ལས་15.4%འཕར་ཡོད། གཞན་ཡང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ས་གནས་མཉམ་ལས་ཐད་མིག་སྔར་ཨ་ཟེར་བྷེ་ཇན་དུ་ཀྲུང་གོས་ཁུང་ཙི་སློབ་གླིང་གཉིས་བཙུགས་པ་དང་རྒྱ་སྐད་སྦྱོང་བའི་ཚ་རླབས་ཨ་ཟེར་བྷེ་ཇན་དུ་འཕྱུར་བཞིན་ཡོད་ཅེས་བཤད་པ་རེད།
         ཝེ་ཅིང་ཧྭ་ཡིས་མིག་སྔར་ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཨ་ཟེར་བྷེ་ཇན་གྱི་2020ལོའི་འཐབ་ཇུས་བསམ་བཀོད་འབྲེལ་མཐུད་ཐུབ་རྒྱུར་གཞོལ་བཞིན་ཡོད་པ་དང་དེའི་ཁྲོད་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་སྐྱེད་དང་མཉམ་ལས་ཀྱི་མདུན་ལམ་གསར་པ་གསར་གཏོད་བྱས་ནས་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཐུབ་ཡོད་ཅེས་བཤད་པ་རེད།
         ཝེ་ཅིང་ཧྭ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ལོ་25་རིང་གི་ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་འབྲས་བུར་བློ་ཡིད་ཚིམ་པོ་བྱེད་པ་དང་ཀྲུང་ཨའི་འབྲེལ་བའི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཟེར་བྷེ་ཇན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ཨའི་འབྲེལ་བའི་འབྱུང་འགྱུར་གྱི་ལོ་25ཡི་མཚར་སྡུག་བཀྲ་བའི་ལེའུ་རྩོམ་འདོད་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།