འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས“ཁོར་ཡུག་སྲུང་སྐྱོང་མི་སྣ་སློབ་གྲྭར་སྐྱོད་པའི”སྒྲོལ་འགྲེལ་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་04ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་མཚོ་སྔོན་པོ་མཛེས་ལྗོངས་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་དང་། གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཨུད། ལོ་ཆུང་གདོང་ལེན་རུ་ཁག་མཚོ་སྔོན་ཞིང་ཆེན་ལས་དོན་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི“མཚོ་སྔོན་པོར་སྲུང་སྐྱོང་བྱེད་པའི་ང་ཚོའི་ལས་འགུལ་ཏེ། ལག་གདང་སྦྲེལ་ནས་དྭངས་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་གཏོད·མཚོ་སྔོན་པོར་གཅེས་སྤྲས་བྱེད”ཅེས་པའི་མཚོ་སྔོན་ཞིང་ཆེན་གྱི་ལོ་ཆུང་བྱིས་པའི་ཁོར་ཡུག་སྲུང་སྐྱོང་གི་རིམ་སྤེལ་བྱེད་སྒོའི་གྲས་ཤིག་ཡིན་པའི“ཁོར་ཡུག་སྲུང་སྐྱོང་མི་སྣ་སློབ་གྲྭར་སྐྱོད་པའི”སྒྲོག་འགྲེལ་བྱེད་སྒོ་མཚོ་སྔོན་ཧེ་ཡན་རྫོང་ཞག་སྡོད་ལམ་ལུགས་མི་རིགས་སློབ་ཆུང་དང་། རྐང་ཚ་རྫོང་ཆ་ཚང་སློབ་ཆུང་། གསེར་ཆེན་རྫོང་ཅང་ཤིས་ལུང་ཤུར་ཤང་མི་རིགས་ཞག་སྡོད་ལམ་ལུགས་སློབ་ཆུང་བཅས་སུ་སྤེལ་བ་རེད།
           འདི་ལོའི་ཟླ་1པོ་ནས་བཟུང་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་དང་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཆེད་ལས་མི་སྣ་གཉིས་ཀྱིས་ཟི་ལིང་གྲོང་ཁྱེར་དང་དེ་བཞིན་མཚོ་སྔོན་པོའི་མཐའ་འཁོར་གྱི་པེ་ཏ་ཁྲོམ་གཞུང་སློབ་ཆུང་དང་། ཅ་ཞའོ་ཀྲོང་སློབ་ཆུང་། ཧེ་ཡན་རྫོང་ཞག་སྡོད་ལམ་ལུགས་མི་རིགས་སློབ་ཆུང་སོགས་སློབ་གྲྭ་སོ་སོར་བསྐྱོད་པ་དང་མཚོ་སྔོན་པོའི་སྣོད་བཅུད་གནས་བབ་ཀྱིས་བརྗོད་དོན་གཙོ་བོ་བྱས་ནས་དོན་ཟབ་ལ་གོ་སླ་བའི་ངང་མཚོ་སྔོན་པོ་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་སྒྲོག་འགྲེལ་བྱས་པ་རེད། བྱེད་སྒོའི་ཐོག་སྔ་རྗེས་སུ“མཚོ་སྔོན་པོར་སྲུང་སྐྱོང་བྱེད་པའི་ང་ཚོའི་ལས་འགུལ”གྱིས་བརྗོད་དོན་གཙོ་བོ་བྱས་པའི་འགྲེམས་པང་16འགྲེམས་སྟོན་བྱས་པ་དང་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་9799སྤྲད་པའི་དམིགས་ཡུལ་ནི་ལོ་ཆུང་བྱིས་པས་ཁོར་ཡུག་སྲུང་སྐྱོང་ཤེས་བྱར་རང་རྟོགས་ངང་སློབ་སྦྱོང་བྱེད་པར་ཁྲིད་སྟོན་དང་ཆུང་དུས་ནས་སྣོད་བཅུད་སྲུང་སྐྱོང་འདུ་ཤེས་སྐྱེད་སྲིང་བྱས་ཏེ“ལག་གདང་སྦྲེལ་བའི”བྱེད་ཐབས་ལ་བརྟེན་ནས་ཁྱིམ་ཚང་གི་ཁོངས་མི་དང་སྤྱི་ཚོགས་ཀྱི་སྤྱི་དམངས་ཚང་མ་མཛེས་པའི་མཚོ་སྔོན་དང་ལྟ་ན་སྡུག་པའི་མཚོ་སྔོན་པོ་འཛུགས་སྐྲུན་བྱེད་པའི་ནང་ཐུན་མོང་ཐོག་ཞུགས་རྒྱུའི་སྐུལ་ཁྲིད་བྱས་ནས་སྤྱི་ཚོགས་ཡོངས་སུ་མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་དང་སྣོད་བཅུད་འཛུགས་སྐྱོང་ལ་ཞུགས་པའི་ཚ་རླབས་ཤིག་འཕྱུར་བ་བྱ་རྒྱུ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།