འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དཔེ་སྐྲུན་འཐུས་མི་ཚོགས་པ་རེ་ནེ་ཝའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ནང་
    ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་28ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན། འགྲེམས་སྟོན་ནང་ཞུགས་པའི་ཀྲུང་གོ་དཔེ་སྐྲུན་འཐུས་མི་ཚོགས་པའི་ཚོགས་གཙོ་ཆིའུ་ལིས་ད་ཐེངས་ཀྱི་ཀྲུང་གོའི་འཐུས་མི་ཚོགས་པ་དེ་ཏང་འཛུགས་སྐྱོང་ཀློག་དེབ་དཔེ་སྐྲུན་ཁང་དང་། ཀྲུང་གོ་མི་འབོར་དཔེ་སྐྲུན་ཁང་། ཡུན་ནན་དཔེ་སྐྲུན་ཚོགས་པ་སོགས་དཔེ་སྐྲུན་ཚན་པ་8ལས་གྲུབ་པ་དང་དཔེ་དེབ་རིགས་300ཙམ་འགྲེམས་སྟོན་བྱས་པ་དེ་དག་ཏང་འཛུགས་སྐྱོང་དང་། སྲོལ་རྒྱུན་རིག་གནས། ཀྲུང་གོའི་རྩོམ་རིག རིག་གནས་དང་སྤྱི་ཚོགས་ཚན་རིག བྱིས་པའི་ཀློག་དེབ། སྐད་ཡིག་སློབ་སྦྱོང་སོགས་དང་འབྲེལ་བ་ཡོད། དེའི་ནང་མང་ཆེ་བ་ནི་རྒྱལ་ནང་དུ་བྱ་དགའ་ཐོབ་པའི་དེབ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
        རེ་ནེ་ཝའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ནི་སུའེ་ཙེར་གྱི་དཔེ་དེབ་འགྲེམས་སྟོན་བྱེད་སྒོ་གལ་ཆེན་གྲས་ཤིག་ཡིན་པ་དང་1987ལོ་ནས་བཟུང་ལོ་རེར་ཐེངས་རེ་གཉེར་གྱི་ཡོད། སྐབས་དེའི་འགྲེམས་སྟོན་ཉིན་5བསྟུད་མར་སྤེལ་རྒྱུ་ཡིན་པ་དང་ཟླ་4ཚེས་30ཉིན་མཇུག་འགྲིལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།