འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷོ་ཁ་དང་། ལྷ་ས། ཉིང་ཁྲི་བཅས་ཀྱིས་ཁུལ་ཁོངས་ཡུལ་སྐོར་མཉམ་ལས་གཞི་
    གཅིག་ཅན་ལ་མཉམ་དུ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་28ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྐབས་དང་པོའི་བོད་ཤར་ལྷོའི་སྐོར་ལམ་གྱི་ཁུལ་ཁོངས་ཡུལ་སྐོར་འཐབ་ཇུས་མཉམ་ལས་བྱེད་སྒོ་དང་བོད་དབུས་རྒྱུད་ཡུལ་སྐོར་གྱི་ཤར་རྒྱུད་སྐོར་ལམ་འོས་སྦྱོར་ཚོགས་འདུ་རྩེད་ཐང་དུ་འཚོགས་ཤིང་། བོད་ལྗོངས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་ལྷོ་ཁ་དང་། ལྷ་ས། ཉིང་ཁྲི་བཅས་གྲོང་ཁྱེར་གསུམ་གྱིས་འཛམ་གླིང་ཡུལ་སྐོར་དམིགས་ས་གཏོད་རྒྱུ་དམིགས་ཡུལ་དུ་འཛིན་ནས་བོད་དབུས་རྒྱུད་ཡུལ་སྐོར་ཤར་རྒྱུད་སྐོར་ལམ་གྱི་ཁུལ་ཁོངས་ཡུལ་སྐོར་གྲགས་རྟགས་མཉམ་དུ་བཏོད་དེ། ཁུལ་ཁོངས་ཡུལ་སྐོར་མཉམ་ལས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཁྱོན་ཡོངས་ནས་སྦྲེལ་མཐུད་དང་། དངོས་སྒྲུབ་བཀོལ་སྤྱོད། དོན་འཁྱོལ་གནད་སྨིན་བཅས་བྱེད་པའི་དུས་མཚམས་གསར་པར་སླེབས་ཡོད།
         ད་ཐེངས་གྲོང་ཁྱེར་གསུམ་གྱི་ཡུལ་སྐོར་སྡེ་ཚན་གྱིས་མཉམ་དུ་ཁུལ་ཁོངས་ཡུལ་སྐོར་མཉམ་ལས་ལ་སྐུལ་སྤེལ་གཏོང་བ་དེ་རྒྱལ་ཁབ་ཀྱིས་བཏོན་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པའི་དུས་བབ་འོག་བོད་ཀྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གཏོད་པའི་བློ་ཁོག་ཆེ་བའི་ཚོད་ལྟ་ཞིག་རེད་ལ། བོད་དབུས་རྒྱུད་ཡུལ་སྐོར་གྱི་ཤར་རྒྱུད་སྐོར་ལམ་ལས་ཡུལ་སྐོར་བར་བོད་དུ་ཡུལ་སྐོར་བྱེད་པར“དུས་དེ་ནས་བཟུང་སྔ་བཤུལ་རང་ལོག་བྱེད་མི་དགོས་པའི”ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལམ་ཐིག་ཅིག་མཁོ་འདོན་བྱ་རྒྱུ་རེད། འོས་སྦྱོར་ཚོགས་འདུའི་ཐོག གྲོང་ཁྱེར་གསུམ་གྱི་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་མཉམ་དུ་ཁུལ་ཁོངས་ཡུལ་སྐོར་འཐབ་ཇུས་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་པ་དང་བོད་དབུས་རྒྱུད་ཡུལ་སྐོར་གྱི་ཤར་རྒྱུད་སྐོར་ལམ་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཡང་འཚོགས་པ་རེད། དེའི་དམིགས་ཡུལ་ནི་བོད་ཤར་ལྷོའི་ཁུལ་ཁོངས་ཡུལ་སྐོར་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཁུལ་ཁོངས་ཡུལ་སྐོར་མཉམ་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་གསུམ་གྱིས་དམིགས་ཚད་གཅིག་གྱུར་དང་བྱ་སྤྱོད་མཐུན་སྦྱོར་གྱི་ཡུལ་སྐོར་མཉམ་ལས་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། བོད་ཤར་ལྷོའི་ཡུལ་སྐོར་སྐོར་ལམ་དཔལ་འབྱོར་གླིང་གཏོད་པ་བཅས་བྱ་རྒྱུ་ཡིན་པ་དེས་བོད་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་སྤེལ་གཏོང་རྒྱུར་ཉམས་མྱོང་གསོག་འཇོག་ཐུབ་པ་དང་རྒྱུན་ཆད་མེད་པར་བོད་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་སྤེལ་གཏོང་ཐུབ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་དབུས་རྒྱུད་ཡུལ་སྐོར་གྱི་ཤར་རྒྱུད་སྐོར་ལམ་གཏོད་རྒྱུ་ནས་འགོ་བཙུགས་ཏེ་ལྷོ་ཁ་དང་། ལྷ་ས། ཉིང་ཁྲི་བཅས་གྲོང་ཁྱེར་གསུམ་གྱི་ཡུལ་སྐོར་འཐབ་ཇུས་མཉམ་ལས་བྱ་རྒྱུ་ཡིན་ཞིང་། གྲོང་ཁྱེར་གསུམ་གྱིས་ལྗོངས་ཕྱི་ནང་གི་ཡུལ་སྐོར་གཉེར་སྐྱོང་བ་སྒྲིག་འཛུགས་ཀྱིས་དུས་ཡུན་ཉིན་བཞིའི་རིང་ཤར་རྒྱུད་སྐོར་ལམ་དུ་བསྐྱོད་ནས་རྟོག་ཞིབ་བྱས་པའི་ལམ་ཐག་ལ་སྤྱི་ལེ་1160ལྷག་ཙམ་ཡོད་པ་དང་། སྔ་རྗེས་སུ་གྲོང་ཁྱེར་གསུམ་གྱི་མཛེས་ལྗོངས་ཁུལ་10དང་ཨར་ཁང་4ལ་རྟོག་ཞིབ་བྱས་པ་མ་ཟད། གྲོང་གསེབ་ཀྱི་ཡུལ་སྐོར་ས་ཚིགས་3དུ་བསྐྱོད་ནས་བོད་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་ཁྱད་ཆོས་སྔོག་འདོན་བྱས་པ་དང་ཡུལ་སྐོར་དབུལ་སྐྱོར་དང་ཡུལ་སྐོར་དམངས་ཕྱུག་གི་ལམ་ཐིག་རྩེ་གྲ་གསར་སྤེལ་བྱས་པ་རེད། ཡུལ་སྐོར་ལས་གཉེར་བ་ཚོས་འཚང་ཁ་ཤིག་ཤིག་ངང་འདི་ལོ་བོད་དབུས་རྒྱུད་ཡུལ་སྐོར་གྱི་ཤར་རྒྱུད་སྐོར་ལམ་སྤུས་དག་དང་། ཞིབ་ཚགས། སྟོབས་ཆེན་བཅས་གཏོད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད། ཤར་རྒྱུད་སྐོར་ལམ་གྱི་ཡུལ་སྐོར་ཐོན་ཟོག་ལ་ཤུགས་སྣོན་རྒྱག་ཕྱིར། ལྷོ་ཁ་རྒྱལ་སྤྱིའི་ཡུལ་སྐོར་དང་ཐན་ཆའོ་རྒྱལ་སྤྱིའི་ཡུལ་སྐོར་གྱིས་ཉེ་དུས་བོད་དབུས་རྒྱུད་ཡུལ་སྐོར་གྱི་སྐོར་ལམ་ཆུང་ངུའི་ཐོན་ཟོག ལྷ་ས་དང་ལྷོ་ཁར་ཡུལ་སྐོར་ཉིན་གཉིས་དང་ཉིན་གསུམ་བྱེད་པའི་རྣམ་གྲངས་གཏོད་རྒྱུ་ཡིན་ཞིང་། གཟི་བྱིན་བླ་མཚོ་དང་། ཀུན་བདེ་གླིང་རྩྭ་ཐང་། དྭགས་པོ་རོང་སོགས་མཛེས་ལྗོངས་ཁུལ་བརྒྱུད་པ་དེས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་དང་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རྫིང་ཕྱི་ཤང་སོགས་ས་ཁུལ་གྱི་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།