འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རི་འགོག་དམག་མིའི་བུ་རྒྱུད“ཨོ་ནེའུ་དཔུང་ཚོགས་ཉིན་མོའི”ཁྲོམ་སྐོར་
    ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་28ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་25ཉིན་ནི་ཨོ་སི་ཁྲུ་ལི་ཡའི“ཨོ་ནེའུ་དཔུང་ཚོགས་ཉིན་མོ”ཡིན་པ་དང་ཀྲུང་གོའི་རི་འགོག་དམག་མིའི་བུ་རྒྱུད་ལས་གྲུབ་པའི་རུ་སྟར་གྲུ་བཞི་ཞིག་གིས་ཉིན་དེའི་ཁྲོམ་སྐོར་བྱེད་སྒོར་ཞུགས་ཡོད། དེ་ནི་ཀྲུང་གོའི་རི་འགོག་དམག་མིའི་བུ་རྒྱུད“ཨོ་ནེའུ་དཔུང་ཚོགས་ཉིན་མོའི”ཁྲོམ་སྐོར་ནང་ཞུགས་ཐེངས་དང་པོ་དེ་རེད།
        ཀྲུང་གོའི་རི་འགོག་དམག་མིའི་བུ་རྒྱུད་ཀྱིས་སྒྲིག་འཛུགས་བྱས་པའི་ཁྲོམ་སྐོར་ནང་མི་30ལྷག་ཙམ་ཡོད་པ་དང་ཁོངས་མི་རྣམས་མཚོ་འགག་ངོགས་གཉིས་ནས་ཡིན་པ་དང་དེ་སྔའི་སྔོན་བྱོན་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་འཁྲིད་པའི་དམག་སྡེ་བརྒྱད་པ་དང་། ཤིན་སི་ཅུན་དཔུང་སྡེ། ཀྲུང་གོ་གོ་མིན་ཏང་གིས་འགོ་འཁྲིད་པའི་རི་འགོག་དཔུང་སྡེ་བཅས་ནས་ཡིན་པ་རེད།
         ཁྲོམ་སྐོར་སྒྲིག་འཛུགས་བྱེད་མཁན་གཙོ་བོ་དང་ཤིན་སི་ཅུན་དཔུང་སྡེའི་རི་འགོག་དམག་མི་རྒན་གྲས་ཀྱི་བུ་རྒྱུད་ཧུའུ་དབྱིན་ཤཱ་ཡིས“བྱེད་སྒོ་དེ་ལྟ་བུ་སྒྲིག་འཛུགས་དང་དེའི་ནང་ཞུགས་རྒྱུ་ནི་དོན་སྙིང་ཧ་ཅང་ལྡན་པའི་བྱ་བ་ཞིག་ཡིན། ཀྲུང་གོའི་རི་འགོག་དམག་མིའི་བུ་རྒྱུད་ཀྱིས་དཔུང་པ་མཉམ་གཤིབ་དང་གོམ་སྟབས་གཅིག་མཐུན་བྱས་པ་དེ་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་སྤུན་ཟླའི་བརྩེ་དུང་ཟབ་མོ་མཚོན་ཡོད། ཁྲོམ་སྐོར་བྱས་པ་བརྒྱུད། ཨོ་སི་ཁྲུ་ལི་ཡ་བས་ཀྲུང་གོའི་དམག་མིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་འཛམ་གླིང་ཞི་བདེར་ཕུལ་བའི་ལེགས་སྐྱེས་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།
         “ཨོ་ནེའུ་དཔུང་ཚོགས་ཉིན་མོ”ནི་1915ལོའི་ཟླ་4ཚེས་25ཉིན་ཅ་ལི་པོའོ་ལིའི་དམག་འཁྲུག་ནང་རང་སྲོག་ཤོར་བའི་ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་གྱི་དཔུང་ཚོགས་ཀྱི་དཔོན་དམག་ལ་དྲན་གསོ་ཞུ་བའི་ཉིན་མོ་ཞིག་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།