འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥི་ལི་ཕིན་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབུ་ཚོགས་ཀྱི་བདེ་སྲུང་འགན་ལེན་ཐད་
    ཤུགས་སྣོན་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་28ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན། སྐབས་30པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་དབུ་ཚོགས་དེ་ཚེས་26ནས་29ཉིན་བར་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལར་འཚོག་རྒྱུ་ཡིན་པ་དང་ཧྥི་ལི་ཕིན་སྲིད་གཞུང་གིས་ཉེ་ཆར་བྱེད་ཐབས་སྣ་མང་བཏོན་ཏེ་དབུ་ཚོགས་ཚོགས་ཡུལ་དང་དེའི་ཉེ་འགྲམ་གྱི་བདེ་སྲུང་འགན་ལེན་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་ཚོགས་འདུ་བདེ་བླག་ངང་འཚོག་ཐུབ་པའི་འགན་ལེན་བྱས་པ་རེད།
         ཚེས་23ཉིན་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབུ་ཚོགས་ཀྱི་བདེ་སྲུང་འགོ་འཛུགས་མཛད་སྒོ་མ་ནི་ལ་གྲོང་ཁྱེར་ལྟེ་གནས་སུ་འཚོགས་པ་དང་ཧྥི་ལི་ཕིན་སྲིད་གཞུང་དམག་དང་། ཉེན་རྟོག་པ། མཚོ་ངོགས་སྐུ་སྲུང་དམག་བཅས་མི་9000ལྷག་ཙམ་མཛད་སྒོར་ཞུགས་ཤིང་། ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་ཉེན་རྟོག་སྤྱི་ཁྱབ་དཔོན་ལུའོ་ཧྲ་ཡིས་ཧྥི་ལི་ཕིན་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབུ་ཚོགས་ཐད་གྲ་སྒྲིག་ཡུན་རིང་བྱས་པ་དང་བདེ་སྲུང་འགན་ལེན་ལས་དོན་ཐད་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།