འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱགས་ལོད་ཀྱིས་ཡུལ་མི་ཚོའི་སྣེ་ཁྲིད་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་28ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱགས་ལོད་ཀྱིས་ཡུལ་མི་ཚོའི་སྣེ་ཁྲིད་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པ།
          མི་དམངས་དྲ་བའི་འཕྲིན། རྒྱགས་ལོད་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་འབོད་ཐོས་ཤང་འབོད་ཐོས་གྲོང་ཚོའི་འཕྲུལ་ཆས་ཉམས་བཟོའི་ལག་རྩལ་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་སྐྱོད་མཁན་གྲོང་མི་འཇོན་ཐང་ཅན་ཞིག་རེད། 2014ལོར་ཁོང་གིས་དུད་ཚང་63ལས་མེད་པའི་གྲོང་ཚོ་ཆུང་ཆུང་དེར་ལོག་སྟེ་ཡུལ་མི་ཚོའི་སྣེ་ཁྲིད་ནས་དབུལ་སྒྲོལ་ལམ་དུ་སྐྱོད་འགོ་ཚུགས་པ་རེད།
         ཁོང་གིས་གྲོང་ཚོ་ནས་དགེ་ཕྲུག་20ལྷག་ཙམ་ཉར་བ་དང་། ཁོང་ཚོར་ལག་རྩལ་དམར་ཁྲིད་བྱས་པ་མ་ཟད། ད་དུང་ཟངས་རི་དར་རྒྱས་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་ཨར་འདམ་སོ་ཕག་ལས་སྣོན་དང་། འཛུགས་སྐྲུན་རྣམ་གྲངས་འགན་གཙང་། སྟར་སྡོང་འདེབས་འཛུགས། བཞོན་མ་གསོ་ཚགས་སོགས་ཀྱི་ལས་དོན་ཡང་སྤེལ་ཡོད། རྒྱགས་ལོད་ཀྱི་སྣེ་ཁྲིད་དང་མཉམ་ལས་ཁང་གི་ཁོངས་མི་ཚོའི་ཐུན་མོང་འབད་བརྩོན་འོག་མཉམ་ལས་ཁང་བཙུགས་ནས་ལོ་གཉིས་རིང་ལོ་རེར་ཡོང་འབབ་ཁེ་གཙང་སྒོར་ཁྲི་20བྱུང་ཡོད། འདི་ནི་ཟླ་4ཚེས་23ཉིན་རྒྱགས་ལོད་དང་། བཟའ་ཟླ་བཀྲ་ཤིས་གཡང་འཛོམས། དེ་བཞིན་དམའ་རིམ་སློབ་འབྲིང་དུ་སྐྱོད་བཞིན་པའི་བུ་སྐལ་བཟང་མཁས་གྲུབ་བཅས་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བྱེད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།