འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་རི་པིན་གྱི་2017ལོའི་《ཕྱི་འབྲེལ་གྱི་རྒྱབ་ཤ་སྔོན་པོའི་དེབ་》ནང་
    གི་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ནང་དོན་ལ་ལན་སློག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་28ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་རི་པིན་གྱི《ཕྱི་འབྲེལ་གྱི་རྒྱབ་ཤ་སྔོན་པོའི་དེབ》ནང་གི་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ནང་དོན་ལ་ལན་སློག་སྐབས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་བདག་དབང་དང་བདེ་འཇགས་ལ་སྙད་བརྐོ་བའི་བྱེད་སྤྱོད་མཐའ་དག་ལ་མུ་མཐུད་ནས་ཁ་གཏད་མཐའ་གཅིག་ཏུ་གཅོག་རྒྱུ་ཡིན་ཞེས་བཤད།
         གསར་འགོད་པས་དྲི་བ་བཏོན་དོན། གནས་ཚུལ་སྤེལ་བ་གཞིར་བཟུང་། ཚེས་25ཉིན་རི་པིན་གྱི་ཕྱི་དོན་ཧྲིང་གིས་ནང་བློན་ཁང་གི་ཚོགས་འདུར་2017ལོའི་《ཕྱི་འབྲེལ་གྱི་རྒྱབ་ཤ་སྔོན་པོའི་དེབ་》བསྐྱལ་ནས་ཀྲུང་གོས“ཁ་གསལ་པོ་དེ་ཙམ་མི་བྱེད་པའི”ཐོག་ནས་དམག་དོན་འགྲོ་གྲོན་མང་དུ་བཏང་བ་དང་དམག་ཤུགས་སྟོབས་ཆེར་བཏང་བར་དོ་སྣང་བྱུང་ཡོད་པ་བཤད་ཡོད། ཀྲུང་གོས་ཤར་རྒྱ་མཚོ་དང་ལྷོ་རྒྱ་མཚོའི་རྒྱུད་དུ་སྤེལ་བའི་བྱེད་སྤྱོད་ལ་དམིགས་ཏེ་ཕྱོགས་རྐྱང་པས་ད་ཡོད་གནས་བབ་ལ་འགྱུར་ལྡོག་གཏོང་བར་རི་པིན་གྱིས་ངོ་རྒོལ་བྱས་ནས་ཀྲུང་གོའི་གཞུང་དོན་གྲུ་གཟིངས་ཏེའོ་ཡུས་གླིང་ཕྲན་མཚོ་ཁོངས་སུ་ཡང་ཡང“འཛུལ་བའི”བྱ་སྤྱོད་ལ་བབ་བརླིང་ངང་ཁ་གཏད་གཅོག་རྒྱུ་རེད། དེ་དང་ཆབས་ཅིག རྒྱབ་ཤ་སྔོན་པོའི་དེབ་ནང་རི་ཀྲུང་འབྲེལ་བ་ནི་གལ་ཆེ་ཤོས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བའི་གྲས་ཤིག་ཡིན་པས། རི་པིན་ཕྱོགས་ཀྱིས་འཐབ་ཇུས་གཉིས་ཕན་འབྲེལ་བའི་སྒྲོམ་གཞིའི་འོག་རྒྱལ་ཁབ་གཉིས་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཉམ་ལས་འབྲེལ་བ་བརྟན་དུ་གཏོང་འདོད་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་གནད་དོན་དེར་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
        ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དང་ཆབས་ཅིག རྒྱལ་ཁབ་ཀྱི་ས་ཆའི་བདག་དབང་དང་རྒྱ་མཚོའི་བདག་དབང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཏེའོ་ཡུས་གླིང་ཕྲན་དང་དེའི་ཁོངས་གཏོགས་གླིང་ཕྲན་དང་དེ་བཞིན་ནན་ཧྲ་གླིང་ཚོམ་ལ་ཤོད་མི་དགོས་པའི་བདག་དབང་ཀྲུང་གོར་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་མཚོ་ཁོངས་སུ་སྤེལ་བའི་གཞུང་དོན་བྱེད་སྤྱོད་ནི་ལུགས་མཐུན་དང་ཁྲིམས་མཐུན་ཡིན་པས། ཀྲུང་གོའི་བདག་དབང་དང་བདེ་འཇགས་ལ་སྙད་བརྐོ་བའི་བྱེད་སྤྱོད་མཐའ་དག་ལ་མུ་མཐུད་ནས་ཁ་གཏད་མཐའ་གཅིག་ཏུ་གཅོག་རྒྱུ་ཡིན་ཞེས་གསུངས།
         ཀྲུང་རིའི་འབྲེལ་བའི་སྐོར་གླེང་སྐབས་ཀེང་ཧྲོང་གིས་ཀྲུང་གོའི་ལངས་ཕྱོགས་སྔར་ནས་ད་བར་གཅིག་པ་ཡིན་ལ་ཁ་གསལ་ཡིན། ཆབ་སྲིད་ཀྱི་ཡིག་ཆ་བཞི་པོ་དང་རྩ་དོན་བཞིའི་ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོ་དང་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། དེའི་འགག་རྩ་ནི་རི་པིན་གྱིས་ཀྲུང་གོར་ངོས་འཛིན་ཡང་དག་བྱས་ནས་ཀྲུང་གོ་འཕེལ་རྒྱས་ཀྱི་དོན་དངོས་ལ་དངོས་ཡོད་དང་ལུགས་མཐུན་གྱི་ལྟ་སྟངས་འཛིན་པ་དང་འབྲེལ་ཡོད་ཡིག་ཆ་དང་དགོངས་དོན་ལ་བརྩི་སྲུང་དང་མཚོ་ཁོངས་ཀྱི་གནད་དོན་ཚུད་པའི་འགལ་བ་དང་མི་མཐུན་ས་ཐག་གཅོད་འོས་འཚམ་བྱས་ཏེ་ཀྲུང་རིའི་འབྲེལ་བ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་བཟོས་པའི་འགལ་རྐྱེན་གསར་པ་མི་ཐོན་སྔོན་འགོག་བྱེད་དགོས་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།