འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་ཧང་ག་རིའི་ཡི་གེའི་
    པར་མའི་པར་ཕུད་འགྲེམས་སྤེལ་མཛད་སྒོ་པུ་ཏ་ཕེ་སིར་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་27ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་24ཉིན་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཧང་ག་རིའི་ཡི་གེའི་པར་མའི་པར་ཕུད་འགྲེམས་སྤེལ་མཛད་སྒོ་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ལིའུ་ཆི་པའོ་དང་ཧང་ག་རིའི་རྒྱལ་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་མ་ཐེ་ལའོ་དབྱི་རྣམ་གཉིས་པར་ཕུད་འགྲེམས་སྤེལ་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
         ལིའུ་ཆི་པའོ་ཡིས་ཤིས་ཚིག་གསུང་སྐབས་སྲིད་ཏང་སྐྱོང་ལུགས་དང་། རྒྱལ་ཁབ་སྐྱོང་ལུགས། གོ་ལ་ཧྲིལ་པོ་བཅོས་སྐྱོང་བཅས་ཟུར་ཚད་གསུམ་གྱི་ཐོག་ནས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཕུན་སུམ་ཚོགས་པའི་ནང་དོན་ངོ་སྤྲོད་བྱས་ཤིང་། ཁོང་གིས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་དེ་ནི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པའི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན། དེབ་དེའི་ཧང་ག་རིའི་ཡི་གེའི་པར་མ་འགྲེམས་སྤེལ་བྱས་པ་ལས་ཧང་ག་རིའི་མི་དམངས་ཀྱིས་ཀྲུང་གོ་ཤེས་རྟོགས་བྱ་རྒྱུར་སྐར་ཁུང་གསར་པ་ཞིག་ཕྱེ་བ་མ་ཟད། ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། འཕེལ་རྒྱས་ཀྱི་ལམ་བུ། ཕྱི་ནང་སྲིད་ཇུས་བཅས་ལ་ངོས་འཛིན་དང་ཤེས་རྟོགས་བྱེད་ཤུགས་ཆེ་རུ་ཡང་འགྲོ་རྒྱུ་རེད།
         མ་ཐེ་ལའོ་དབྱེ་ཡིས་ཤིས་ཚིག་གསུང་སྐབས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཧང་ག་རིའི་ཡི་གེའི་པར་མ་འགྲེམས་སྤེལ་བྱས་པ་དེས་ཧང་ག་རིའི་མི་དམངས་ཀྱིས་ཀྲུང་གོ་དང་ཀྲུང་གོའི་མི་དམངས་སྔར་བས་ཤེས་རྟོགས་ཐུབ་རྒྱུ་རེད་ལ་ཧང་ཀྲུང་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་མ་ཐེབས་རྒྱུ་རེད།
         《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཧང་ག་རིའི་ཡི་གེའི་པར་མ་ནི་དེབ་དེའི་ཕྱི་རྒྱལ་ཡི་གེའི་པར་མ་ཨང་19པ་དེ་ཡིན་ལ་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཏུ་པར་འགྲེམས་བྱས་པའི་པར་མ་ཐོག་མ་དེ་ཡང་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།