འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་དབྱི་རན་གྱི་ཁེ་ལས་ཀྱིས་ཨ་ལ་ཁེའི་ལྗིད་ཆུའི་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་
    སྒྱུར་བཀོད་ཀྱི་ཚོང་ལས་གན་རྒྱ་དང་པོ་དངོས་སུ་བཞག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་27ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་23ཉིན་ཝི་ཨེན་ནར་ཀྲུང་གོའི་རྡུལ་ཕྲན་ནུས་པའི་བཟོ་ལས་ཚད་ཡོད་ཀུང་སི་དང་ཀྲུང་གོ་རྡུལ་ཕྲན་ནུས་པའི་ཚན་རིག་ཞིབ་འཇུག་ཁང་གིས་དབྱི་རན་གྱི་ཉིང་རྡུལ་གློག་ཁང་གི་ལས་གྲྭ་དང་འཛུགས་སྐྲུན་ཀུང་སི་དང་དབྱི་རན་གྱི་ཨ་ལ་ཁེའི་ལྗིད་ཆུའི་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་སྒྱུར་བཀོད་རྣམ་གྲངས་ཐད་ཀྱི་ཚོང་ལས་གན་རྒྱ་དང་པོ་དངོས་སུ་བཞག་པ་རེད།
         ཝི་ཨེན་ན་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཧྲི་ཀྲུང་ཅུན་གྱིས་ཀྲུང་གོ་དང་དབྱི་རན་གྱི་ཁེ་ལས་ཀྱིས་གོང་གསལ་གྱི་གན་རྒྱ་གྲུབ་འབྲས་ཐོབ་པའི་ངང་བཞག་པ་ལས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཡོངས་ཀྱི་གྲོས་མཐུན་ལག་བསྟར་བྱེད་པའི་འགན་འཁུར་བའི་རྣམ་འགྱུར་དང་ཕྱོགས་ཡོངས་ཀྱི་གྲོས་མཐུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་མཚོན་ཡོད་ཅེས་བཤད་པ་རེད།
         དབྱི་རན་ཕྱོགས་ཀྱིས་ཨ་ལ་ཁེའི་ལྗིད་ཆུའི་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་སྒྱུར་བཀོད་ཀྱི་འཕེལ་རིམ་ལ་ཚད་མཐོའི་གདེང་འཇོག་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་སྒྱུར་བཀོད་འཕེལ་རིམ་ལ་སྐུལ་མ་གཏོང་རིང་འབད་འཐབ་ལྷོད་མེད་བྱས་པ་དང་དེ་བཞིན་དབྱི་རན་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཕྱོགས་ཡོངས་ཀྱི་གྲོས་མཐུན་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་ལུགས་ཀྱང་བསྐྱར་བཤད་བྱས་པ་རེད།
         2015ལོའི་ཟླ་7ཚེས་14ཉིན་དབྱི་རན་གྱིས་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་རྒྱལ་ཁབ་དྲུག(ཨ་རི་དང་། དབྱིན་ཇི། ཧྥ་རན་སེ། ཨུ་རུ་སུ། ཀྲུང་གོ འཇར་མན)དང་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་བཞག་ཡོད། ཟླ་དེའི་ཚེས་20ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་བྱས་ནས་ཕྱོགས་ཡོངས་ཀྱི་གྲོས་མཐུན་དེར་མོས་མཐུན་བྱས་ཡོད། གྲོས་མཐུན་ལྟར་ན་དབྱི་རན་གྱིས་ཉིང་རྡུལ་འཆར་གཞིར་ཚོད་འཛིན་བྱ་རྒྱུ་དང་དེའི་ཚབ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རན་ལ་བཀག་སྡོམ་མེད་པ་བཟོ་རྒྱུ་རེད། དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་2016ལོའི་ཟླ་1ཚེས་16ཉིན་དངོས་སུ་ལག་ལེན་བསྟར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།