འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེའི་ཙུང་ཐུང་འོས་མི་ཧྥོ་རང་སོའོ་ཝ་•ཧྥེ་ཡུང་གིས་འདེམས་བསྐོ་ཕམ་ཚུལ་ཁས་
    བླངས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་25ཉིན། 16:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཧྥ་རན་སེའི་ཙུང་ཐུང་འོས་མི་ཧྥོ་རང་སོའོ་ཝ་•ཧྥེ་ཡུང་གིས་འདེམས་བསྐོ་ཕམ་ཚུལ་ཁས་
བླངས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་23ཉིན་ཧྥ་རན་སེའི་རྒྱལ་ས་ཕ་རི་སི་རུ། ཧྥ་རན་སེའི་ཙུང་ཐུང་ཟུར་པ་གཡས་ཕྱོགས་སྤྱི་མཐུན་ཏང་གི་འོས་མི་ཧྥོ་རང་སོའོ་ཝ་•ཧྥེ་ཡུང(François Fillon)གིས་འདེམ་འགྲན་འདུ་ཚོགས་ཐོག་གཏམ་བཤད་སྤེལ་བ་རེད། ཧྥ་རན་སེའི་ནང་སྲིད་པུའུ་ཡིས་ཚེས་23ཉིན་གྱི་དགོང་མོར་བསྡོམས་རྩིས་རགས་ཙམ་བརྒྱབ་འབྲས་ཡོངས་བསྒྲགས་བྱས་གསལ་དུ། ཉིན་དེར་ཧྥ་རན་སེའི་ཙུང་ཐུང་འདེམ་བསྐོའི་འདེམས་ཤོག་འཕེན་ཐེངས་དང་པོར་“གཡོན་མིན་གཡས་མིན་”གྱི་“མདུན་སྐྱོད་”ལས་འགུལ་གྱི་འོས་མི་ཨའེ་མཱ་ཉིའུ་ཨེར་•མཱ་ཁེ་ལུང་དང་གཡས་ཐལ་སྲིད་ཏང་“རྒྱལ་དམངས་འཐབ་ཕྱོགས་”ཀྱི་འོས་མི་མཱ་ལི་ནཱ་•ལེ་ཕེང་གཉིས་ལ་འདེམས་ཤོག་མང་ཤོས་ཐོབ་སྟེ། ཙུང་ཐུང་གི་འདེམས་ཤོག་འཕེན་ཐེངས་གཉིས་པ་བྱེད་རྒྱུ་རེད། ཧྥོ་རང་སོའོ་ཝ་•ཧྥེ་ཡུང་གིས་དེ་ཉིན་དགོང་མོ་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ་འདེམས་བསྐོ་ཕམ་ཚུལ་ཁས་བླངས་པ་མ་ཟད། འདེམས་དམངས་ཚོར་མཱ་ཁེ་ལུང་ལ་རོགས་སྐྱོར་བྱེད་རེ་བཏོན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།