འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥི་ལི་ཕིན་ལུའི་སུང་གླིང་ཕྲན་དུ་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་ཤུར་དུ་ལྷུངས་ནས་
    མི་26རྐྱེན་ལམ་དུ་ཤོར་བ་དང་མི་20ལ་རྨས་སྐྱོན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་19ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་18ཉིན། ཧྥི་ལི་ཕིན་ལུའི་སུང་གླིང་ཕྲན་གྱི་དབུས་རྒྱུད་དུ་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་ཤུར་དུ་ལྷུངས་པའི་དོན་རྐྱེན་བྱུང་བས། མི་26རྐྱེན་ལམ་དུ་ཤོར་བ་དང་མི་20ལ་རྨས་སྐྱོན་ཕོག་པ་རེད།
         ཧྥི་ལི་ཕིན་གྱི་ཉེན་རྟོག་ཕྱོགས་ཀྱིས་མི་50སྡོད་ཡོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཉེན་དེར་ལུའི་སུང་གླིང་ཕྲན་གྱི་དབྱི་ཧྲ་པེ་ལཱ་ཞིང་ཆེན་ནས་ནུབ་རྒྱུད་ཀྱི་ནན་དབྱི་ལུའོ་ཀོ་ཞིང་ཆེན་དུ་སྐྱོད་པ་དང་། ས་གནས་དེ་གའི་དུས་ཚོད་ཉིན་དེའི་ཆུ་ཚོད་11ཡས་མས་སུ་གཏིང་ཟབ་ཚད་ལ་སྨི་20ལྷག་ཡོད་པའི་ལམ་འགྲམ་གྱི་གྲོག་ཤུར་དུ་ལྷུངས་པ་རེད་ཅེས་བརྗོད་པ་རེད།
        མཐོང་མཁན་གྱིས་དོན་རྐྱེན་འདི་བྱུང་སྐབས་རླངས་འཁོར་གྱི་མྱུར་ཚད་མགྱོགས་དྲགས་པ་དང་། གྲོག་ཤུར་དུ་མ་ལྷུངས་གོང་ལ་ཁ་ལོ་བས་རླངས་འཁོར་མདུན་མ་ཁ་ཤས་ལས་བསྟུད་མར་བརྒལ་བ་རེད་ཅེས་བཤད་པ་རེད།
         རླངས་འཁོར་ལྷུངས་ས་འདི་ནི་དོན་རྐྱེན་མང་པོ་བྱུང་སའི་ལམ་དུམ་ཞིག་རེད། ན་ནིང་ལོར་ལམ་དུམ་འདི་རུ་འགྲུལ་སྐྱེལ་རླངས་འཁོར་ཞིག་ལྷུངས་པའི་དོན་རྐྱེན་བྱུང་མྱོང་ཞིང་། མི་5རྐྱེན་ལམ་དུ་ཤོར་བ་དང་མི་10ལ་རྨས་སྐྱོན་ཕོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།