འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་ས་བབ་མཐོ་སའི་སྣོད་བཅུད་གནས་སྤོའི་ཚོད་ལྟའི་ལས་དོན་བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་19ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཚེས་11ཉིན་བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་གཞུང་ལས་ཁང་གིས་ཚོགས་འདུ་འཚོགས་ཤིང་། 《བོད་ཀྱི་ས་བབ་མཐོ་སའི་སྣོད་བཅུད་གནས་སྤོའི་ཚོད་ལྟའི་ཇུས་གཞི་》ལ་གྲོས་བསྡུར་བྱས་པ་མ་ཟད། རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་། གཞིས་རྩེ་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་གྱི“ལག་ཁྱེར་གཅིག་དང་། གཱ་གཉིས། དཔེ་རིས་གསུམ། ལག་དེབ་བཞི”ཡི་ལས་ཀའི་གནས་ཚུལ་ལ་ཉན་པ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་དཔོན་གཞོན་པ་འཆི་མེད་རིག་འཛིན་གྱིས་གཙོ་སྐྱོང་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         ཚོགས་འདུའི་ཐོག་ས་བབ་མཐོ་སའི་སྣོད་བཅུད་གནས་སྤོའི་ཚོད་ལྟའི་ལས་དོན་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་ས་གནས་ཁག་དང་སྡེ་ཚན་ཁག་གིས་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས་《ཇུས་གཞི་》སྔར་བས་འཐུས་ཚང་དུ་གཏོང་དགོས་པ་དང་། ལས་དོན་དེའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གྱིས་སྲིད་གཞུང་གི་གཙོ་ཁྲིད་དང་མང་ཚོགས་ཀྱི་རང་མོས་མཐའ་འཁྱོངས་ཀྱིས་གནས་སྤོ་བྱ་ཡུལ་གནད་འཕིགས་གསལ་འབྱེད་བྱེད་དགོས། ཚན་རིག་དང་མཐུན་པའི་འཆར་འགོད་དང་ལུགས་མཐུན་གྱི་བཀོད་སྒྲིག་བྱས་ཏེ་གནས་སྤོའི་དུད་ཚང་སྤོ་ཐུབ་པ་དང་། བརྟན་ཐུབ་པ། སྡོད་ཐུབ་པ་བཅས་བྱེད་དགོས། གནས་སྤོའི་བཀོད་སྒྲིག་ལས་དོན་ལ་མཐོང་ཆེན་བྱས་ནས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ལེ་ལག་ཚང་བའི་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། སྤུས་ཚད་མཐོར་གཏོང་དང་། མ་གནས་ཆུང་གཏོང་། བདེ་འཇགས་འགན་སྲུང་བཅས་བྱས་ཏེ་གནས་སྤོ་དང་ཐོན་ལས་གལ་ཆེར་མཉམ་འཛིན་མཐའ་འཁྱོངས་བྱེད་དགོས། གཞན་སྒྱུར་ལས་ཞུགས་ཀྱི་གསོ་སྦྱོང་ཡག་པོ་བྱས་ཏེ་མང་ཚོགས་ལ་རྩལ་ནུས་ལྡན་པ་དང་ལས་ཞུགས་ཐུབ་པ་བྱེད་དགོས། མ་དངུལ་འཇོག་རྒྱུར་སྤྱི་འདོམས་བྱས་ནས་རྣམ་གྲངས་འཛུགས་སྐྱོང་ལ་སྐུལ་སྤེལ་མགྱོགས་པོ་གཏོང་བ་དང་ཟླ་8པའི་ཟླ་མཇུག་ཏུ་རྣམ་གྲངས་ཁག་དང་པོ་བསྐྲུན་ནས་གནས་སྤོ་བྱས་ཏེ་སྡོད་ཐུབ་རྒྱུའི་བརྩོན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།