འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཚིགས་དང་པོར་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་ལེགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་19ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས17ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱས་པར། ཐོག་མའི་ཞིབ་རྩིས་བྱས་པ་བརྒྱུད་དུས་ཚིགས་དང་པོར་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་180683ཟིན་པ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས་6.9%འཕར་ཡོད། དེའི་ནང་ཐོན་ལས་དང་པོ་དུས་མཚུངས་ལས་3.0%འཕར་ཡོད་པ་དང་། ཐོན་ལས་གཉིས་པ་དུས་མཚུངས་ལས་6.4%འཕར་ཡོད་པ། ཐོན་ལས་གསུམ་པ་དུས་མཚུངས་ལས་7.7%འཕར་ཡོད། དུས་ཚིགས་གོང་མ་དང་བསྡུར་ན་དུས་ཚིགས་དང་པོར་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་1.3%འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།