འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ཀྱི“སྐྱིད་གྲོང་ཁྱད་ལྡན་གྲོང་རྡལ་ཆུང་ངུའི”
    འཛུགས་སྐྲུན་ཕྱེད་ཙམ་ལེགས་གྲུབ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་19ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ནེ་པ་ལའི“4·25”ས་ཡོམ་གྱི་ཤུགས་རྐྱེན་དབང་གིས་བོད་ཀྱི་གཞིས་རྩེའི་སྐྱིད་གྲོང་གྲོང་རྡལ་ལ་གནོད་སྐྱོན་ཚབས་ཆེན་ཕོག་ཡོད། གེགས་རྗེས་བསྐྱར་སྐྲུན་བྱེད་མགྱོགས་སུ་བཏང་ནས་མི་སེར་རྣམས་སྡོད་ཁང་གསར་པར་མགྱོགས་མྱུར་སྤོ་ཐུབ་ཆེད། བོད་ཀྱིས“སྐྱིད་གྲོང་ཁྱད་ལྡན་གྲོང་རྡལ་ཆུང་ངུའི”རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ཉེ་ཆར་སྐྲུན་འགན་འཁུར་མཁན་ཀྲུང་གོ་གློག་ལས་འཛུགས་སྐྲུན་ཆུ་གློག་ཅུས་བདུན་པ་ནས་རྣམ་གྲངས་འཛུགས་སྐྲུན་ཕྱེད་ཙམ་ལེགས་གྲུབ་ཟིན་པ་ཤེས་རྟོགས་བྱུང་བ་རེད།
         “སྐྱིད་གྲོང་ཁྱད་ལྡན་གྲོང་རྡལ་ཆུང་ངུའི”རྣམ་གྲངས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་དོན། རྣམ་གྲངས་དེ་ཁུལ་གསར་དུ་གཞུང་ལམ་སྨི་5763འདིང་བ་དང་། ཆུ་མཁོ་སྤྲོད་ཁང་གཉིས་གསར་དུ་རྒྱག་པ། གློག་སྐུད་ས་འོག་ཏུ་རིང་ཚད་སྨི་10940ཁྲིད་པ། སྐྱིད་གྲོང་རྣམ་པར་སྒྱུར་བཀོད་བྱེད་པ། རྒྱན་སྒོ་1གསར་རྒྱག གྲོང་ལྷན་གྱི་རྨང་གཞིའི་སྒྲིག་བཀོད་སྒྲིག་ཆས་ཉོ་སྒྲུབ་སོགས་ལས་གྲྭ་རྐྱང་པ་དང་ལེ་ལག་ཚང་བའི་ལས་གྲྭ་20ཙམ་ལ་གཙོ་བོར་ཁྱབ་ཡོད་པ་རེད།
         འགན་འཁུར་བས་སྐྱིད་གྲོང་ནི་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་སུ་གནས་པ་དང་། ཁྲོན་བོད་གཞུང་ལམ་318ནི་སྐྱིད་གྲོང་དུ་འགྲོ་འོང་བྱེད་པའི་ལམ་གཅིག་པུ་ཡིན་པས་ལོ་ལྟར་རི་ཉིལ་བ་དང་། རྡིབ་པ། གངས་རུད་རྒྱག་པ། འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེ་ཐོན་གྱི་ཡོད། གོང་གསལ་གྱི་གནོད་འཚེ་དག་གིས་ལས་གྲྭའི་རྒྱུ་ཆ་དང་སྒྲིག་ཆས་ལས་ཡུལ་དུ་དབོར་རྒྱུར་འགོག་རྐྱེན་མི་ཡོང་བ་བྱེད་ཆེད། རྣམ་གྲངས་པུས་སྔོན་ནས་དགུན་སྒྲོལ་ལ་མཁོ་བའི་དངོས་ཟོག་གྲབས་གསོག་བྱས་ནས་དུས་བཞིར་ཨར་ལས་བྱ་རྒྱུར་ཤུགས་རྐྱེན་མི་ཕོག་པ་བྱས་ཤིང་། ད་ཆ་ལས་གྲྭས་བཤིག་སྤོ་བྱས་ཟིན་ནས་ས་ཁོད་སྙོམས་པ་དང་། ས་འོག་ཏུ་མདོང་ལམ་དང་གློག་སྐུད་འཇུག་པ་སོགས་ཀྱི་ལས་ཀ་ནས་ས་ངོས་སུ་ཨར་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་ཡོད་ཅེས་ངོ་སྤྲོད་བྱས།
         སྐྱིད་གྲོང་འགག་སྒོ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བས། “སྐྱིད་གྲོང་ཁྱད་ལྡན་གྲོང་རྡལ་ཆུང་ངུའི”རྣམ་གྲངས་ཀྱིས་སྐྱིད་གྲོང་གི་མཐའ་མཚམས་ཉོ་ཚོང་དང་། ཡུལ་སྐོར། རིག་གནས། སྣོད་བཅུད་སོགས་ཕྱོགས་གང་ས་ཅི་ཐད་ནས་དཔེ་མཚོན་དུ་གྱུར་པའི་གྲོང་རྡལ་ཆུང་ངུའི་ནུས་པ་གལ་ཆེན་འདོན་ཐུབ་པ་ཞིག་ཏུ་བསྐྲུན་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།