འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ནོར་སྲིད་པུའུ་ཀྲང་ཟུར་པས་ཨ་ཀྲུང་དཔལ་འབྱོར་ཉོ་ཚོང་མཉམ་ལས་དེས་རྒྱལ་ཁབ་
    གཉིས་པོར་ཕན་པ་ཡོད་ལ་འཛམ་གླིང་ལའང་ཕན་ཐོགས་རྒྱུ་ཡིན་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་19ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཨ་རིའི་ནོར་སྲིད་པུའུ་ཀྲང་ཟུར་པ་ཡ་ཀེ་པུའུ·ལུའུ་ཡིས་ཨ་ཀྲུང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ནི“རྒྱལ་ཕམ་རོལ་རྩེད”མིན། སྔར་བས་དམ་ཟབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་འབྲེལ་བ་འཛུགས་རྒྱུ་དེས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འཕར་རྒྱུར་ཕན་ལ་འཛམ་གླིང་ལའང་ཕན་ཐོགས་ཡོད་ཅེས་བརྗོད།
         གོང་ཚེས་ཉིན་གྱི་ཁོ་ལོམ་པི་ཡ་སློབ་ཆེན་གྱི་སྐབས་དྲུག་པའི་ཀྲུང་གོའི་འབྱུང་འགྱུར་ལ་རྒྱང་ལྟའི་གླེང་སྟེགས་ཐོག་ལུའུ་ཡིས་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མ་འཇོག་དང་ཉོ་ཚོང་ཐད་མཉམ་ལས་གཉིས་ཁེའི་གོ་སྐབས་མང་པོ་ཡོད་པ་དཔེར་ན། ཨ་རིས་ཀྲུང་གོར་མ་དངུལ་བཏང་ཚེ་ཀྲུང་གོའི་དངུལ་རྩ་དང་འགན་བཅོལ་སོགས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུ་དང་ཀྲུང་གོས་ཨ་རིར་མ་དངུལ་བཏང་ཚེ་ཨ་རིར་ལས་ཞུགས་ལས་གནས་འབོར་ཆེན་གཏོད་ཐུབ་ཅེས་བརྗོད།
         ལུའུ་ཡིས་མིག་སྔར་ཀྲུང་གོའི་དཔལ་འབྱོར་འཕར་ཚད“རྒྱུན་རྣམ་གསར་པའི”འོག་བརྟན་པོ་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཁག་གཏིང་ཟབ་ཏུ་བཏང་ན་དུས་ཡུན་རིང་འབྲིང་ནང་ཀྲུང་གོའི་དཔལ་འབྱོར་འདི་ཉིད་སྔར་བས་རྒྱུན་མཐུད་དང་སྔར་བས་སྐྱོན་བྲལ་གྱི་རྣམ་པའི་ཐོག་ནས་བརྟན་པོའི་ངང་འཕར་རྒྱུ་མུ་མཐུད་རྒྱུན་འཁྱོངས་ཐུབ་རྒྱུ་རེད་ཅེས་བརྗོད། ཁོང་གིས་ངོས་འཛིན་གནང་དོན། ཀྲུང་གོས་དཔལ་འབྱོར་འཕར་སྟངས་དེ་མ་འཇོག་དང་ཕྱིར་གཏོང་སྒུལ་ཤུགས་ནས་འཛད་སྤྱོད་སྒུལ་ཤུགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། དེ་ནི་ཡང་དག་པའི་ཁ་ཕྱོགས་ཡིན། དཔལ་འབྱོར་ཕྱོགས་སྒྱུར་དེའི་ཁྲོད་ནས་ཀྲུང་གོ་དང་གོ་ལ་ཧྲིལ་པོར་ཕན་པ་ཐོབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།