འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཕུལ་བྱུང་རང་གྲོན་ཕྱི་སྦྱོང་སློབ་
    མར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་19ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སློབ་གསོ་ཁྲུའུ་ཡིས་2016ལོའི་ལོ་འཁོར་གྱི“རྒྱལ་ཁབ་ཀྱི་ཕུལ་བྱུང་རང་གྲོན་ཕྱི་སྦྱོང་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ”སྤྲོད་པའི་མཛད་སྒོ་འཚོགས་ཤིང་། རི་པིན་གྱི་སློབ་ཆེན་མང་པོ་དང་ཞིབ་དཔྱད་རིགས་གཅིག་མཁས་ཅན་དེ་བཞིན་ཀྲུང་གོའི་ཕྱི་སྦྱོང་སློབ་མའི་འཐུས་མི་སོགས་ཁྱོན་མི་80ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
         རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེང་ཡུང་ཧྭ་དང་གཞུང་ཚབ་པ་ལིའུ་ཧྲའོ་པིན་ཁག་སོ་སོས་རི་པིན་ཏུང་པེ་སློབ་ཆེན་དང་། ཐོ་ཁེའོ་སློབ་ཆེན། ཅིང་ཏུའུ་སློབ་ཆེན་སོགས་སློབ་གྲྭ་ནས་ཡིན་པའི་བྱ་དགའ་ཐོབ་མཁན་སློབ་མ་31ལ་བྱ་དགའི་དངུལ་དང་ལག་ཁྱེར་སྤྲད་པ་རེད།
         ཁྲེང་ཡུང་ཧྭ་ཡིས“རྒྱལ་ཁབ་ཀྱི་ཕུལ་བྱུང་རང་གྲོན་ཕྱི་སྦྱོང་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ”བཙུགས་པ་དང་སྤྲོད་པ་དེ་ཐོག་ནས་རྒྱལ་ཁབ་ཀྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་གང་ལེགས་མཚོན་ཡོད་ཅེས་གསུངས་ཤིང་། ཁོང་གིས་རྒྱ་ཆེའི་ཕྱི་སྦྱོང་སློབ་མ་ཚོས་རྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་ཕན་ཐོགས་ཡོད་པའི་སྤེལ་རེས་བྱེད་སྒོ་སྣ་ཚོགས་ནང་ཧུར་ཐག་ཞུགས་ཏེ་ཀྲུང་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་བསམ་ཤེས་དང་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།
         “རྒྱལ་ཁབ་ཀྱི་ཕུལ་བྱུང་རང་གྲོན་ཕྱི་སྦྱོང་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ”དེ་2003ལོར་བཙུགས་པ་དང་བྱ་དགའ་སྤྲོད་ཡུལ་ནི་རང་ལོ་ཧྲིལ་པོ་40མན་དང་ཕྱི་རྒྱལ་དུ་འབུམ་རམས་པའི་སློབ་གནས་བརྩོན་མཁན་ཀྲུང་གོའི་ཕུལ་བྱུང་རང་གྲོན་སློབ་མ་ཡིན་ཞིང་། ད་བར་ཕྱི་སྦྱོང་སློབ་མ་5400ཙམ་ལ་བྱ་དགའི་དངུལ་སྤྲད་ཡོད་པ་དང་རི་པིན་དུ་ཕྱི་སྦྱོང་སློབ་མ་449ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།