འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེས་དྲ་ཐོག་ཚོང་ཁང་ཆིག་སྟོང་ལྷག་ཙམ་འཕེལ་རྒྱས་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་19ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཧོ་པེ་ཞིང་ཆེན་ཚོང་དོན་ཐིང་གིས་《གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཁྱོན་ཡོངས་ལ་ཁྱབ་པ་བྱེད་པའི་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཏོན་ནས་འདི་ལོའི་ལོ་མཇུག་ཏུ་སླེབས་སྐབས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཁྱོན་ཡོངས་ལ་ཁྱབ་པ་དང་། དྲ་ཐོག་ཚོང་ཁང་1000ཡན་འཕེལ་རྒྱས་གཏོང་བ། གྲོང་གསེབ་དྲ་ཐོག་ཚོང་དོན་གྱི་ལས་གཉེར་མི་སྣ་མི་ཐེངས་ཁྲི་20ཡན་ལ་གསོ་སྦྱོང་། མི་ཐེངས་ཁྲི་5ཡན་ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བཅས་བྱ་རྒྱུ་རེད་ཅེས་བཏོན་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། ཧོ་པེས་འདི་ལོ་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཐད་དྲ་ཐོག་ཚོང་དོན་ཞབས་ཞུའི་ཐོན་ཁུངས་དེ་སྤྱི་པའི་ཞབས་ཞུའི་ལྟེ་གནས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་ཞིང་ལས་ཀྱི་སྣེ་འདྲེན་ཁེ་ལས་དང་། ཞིང་པའི་མཉམ་ལས་ཁང་། གྲོང་གསེབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ། གྲོང་གསེབ་ཀྱི་སྒེར་གཉེར་དྲ་ཐོག་ཚོང་དོན་སོགས་ལ་མི་སྣ་གསོ་སྦྱོང་དང་། དྲ་ཐོག་ཚོང་ཁང་འཛུགས་པ། སྤུས་རྟགས་སྐྱེད་སྲིང་། ཚོང་གཉེར་ཁྱབ་གདལ། ཚབ་བྱེད་གཉེར་སྐྱོང་སོགས་ཆེད་ལས་ཅན་གྱི་གཅིག་འཐུས་རྣམ་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། དངུལ་རྩ་དང་། གྲོན་དངུལ་འཇལ་བ། སྲིད་དོན། ཡུལ་སྐོར། ཉམས་བཟོ་སོགས་ཀྱི་ནུས་པ་རིམ་བཞིན་ཆེ་རུ་གཏོང་བ། ས་ཚིགས་གཅིག་ལ་ནུས་པ་མང་པོ་ལྡན་པ་དང་དྲ་བ་གཅིག་སྣ་མང་སྤྱོད་ཐུབ་པ་བཅས་བྱས་ནས་ཞབས་ཞུའི་ས་ཚིགས་ཀྱི་ཁེ་སྤོགས་ནུས་པ་ཆེ་རུ་བཏང་སྟེ་ཞིང་པས་སྟབས་བདེའི་ཞབས་ཞུ་དེ་བས་མང་བ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་རེད། སྦྲག་སྲིད་དང་མྱུར་སྐྱེལ་སོགས་ཟོག་འགྲེམས་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་སྤྱི་པའི་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་ནང་ཞུགས་པ་དང་། གྲོང་གསེབ་ཀྱི་ཟོག་འགྲེམས་དྲ་བ་དང་སྒྲིག་བཀོད་མཉམ་སྤྱོད་མ་ལག་འཛུགས་པ། མཉམ་དུ་སྡེབ་སྐྱེལ་བྱེད་པའི་བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱས་ཏེ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་སྦྲག་བསྐུར་རྩིས་ལེན་དང་། ཆ་བགོས། སྡེབ་སྐྱེལ་བཅས“གཅིག་གྱུར་གསུམ”གྱི་ཟོག་འགྲེམས་རྣམ་པ་མངོན་འགྱུར་ཐུབ་པ་བྱས་ཏེ་གྲོང་གསེབ་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་གཏོང་བ་དང་གྲོང་གསེབ་ཟོག་འགྲེམས་སྡེབ་སྐྱེལ་གྱི“ཐོག་མའི་འགག་གནད”དང“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།