འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱུད་གཅིག་ལམ་གཅིག”གི་ན་གཞོན་གྱི་གསར་གཏོད་དང་ཤུལ་བཞག་གི་གླེང་སྟེགས་
    འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་19ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་4ཚེས་17ཉིན་ཧུའུ་ནན་ཁྲང་ཧྲའི་གཡོད་ལུའུ་དེབ་ཁང་དུ“རྒྱུད་གཅིག་ལམ་གཅིག”གི་ན་གཞོན་གྱི་གསར་གཏོད་དང་ཤུལ་བཞག་གི་གླེང་སྟེགས་འགོ་ཚུགས་པ་རེད། “རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་65ཡི་ན་གཞོན་འཐུས་མི་83དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དཔོན་རིགས་དང་། རིགས་གཅིག་མཁས་ཅན། ཀྲུང་གོར་བཅའ་སྡོད་འབྲེལ་ཡོད་རྒྱལ་ཁབ་ཀྱི་གཞུང་ཚབ་པ་བཅས་ཁྱོན་མི་100ལྷག་གླེང་སྟེགས་ལ་ཞུགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་རྒྱལ་ཁབ་ཕྱི་ནང་གི་འཐུས་མིར་རེ་བའི་མངགས་བཅོལ་གནང་བ་རེད།
           ལིའུ་ཡན་ཏུང་གིས་ལོ་ངོ་སྟོང་ཕྲག་རིང་མཚོ་ཐོག་དང་སྐམ་སའི“དར་གོས་ལམ་བུའི”རྒྱུད་ཀྱི་མི་དམངས་ཀྱིས་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་བྱས་ནས་མཛའ་མཐུན་གྱི་འགྲོ་འོང་དང་ཕན་ཚུན་རྒྱུས་ལོན་གྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས་ཡོད། ལོ་རྒྱུས་ཀྱི་དུས་སྐབས་གསར་པར་ཀྲུང་གོས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་བསྐྲུན་པའི་གྲོས་འགོ་བཏོན་པ་དེ་ནི་ཁྱོན་ཡོངས་ནས་སྒོ་མོ་རྒྱ་ཆེར་འབྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ་རྒྱལ་ཁབ་སྔར་བས་མང་པོར་འཕེལ་རྒྱས་ཀྱི་གོ་སྐབས་དང་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་གཞོལ་བ་ཞིག་ཀྱང་ཡིན། ད་རེས་ཀྱི་གླེང་སྟེགས་ཐོག“གསར་གཏོད་དང་ཤུལ་བཞག”དེ་བརྗོད་དོན་གཙོ་བོར་བྱས་ནས་ན་གཞོན་ལ་ཤུལ་བཞག་སྲུང་སྐྱོང་དང་གསར་གཏོད་ལས་གཏོད་ལ་ལྕག་སྐུལ་བྱས་ཡོད་པས“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཡོང་རྒྱུར་ཕན་ཐོགས་ཡོད་པས་རྒྱལ་ཁབ་ཁག་གི་ན་གཞོན་གྱིས་མྱོང་རོལ་དང་། དཔེར་ལྟ་བ། མཉམ་སྤྱོད་བཅས་ཀྱི་ལྟ་ཚུལ་ཐོག་ནས་འཛམ་གླིང་ལ་བལྟས་ཏེ་ཤེས་དཔལ་མི་འདྲ་བའི་དབར་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་པ་དང་ཞི་མཐུན་མཉམ་འཕེལ་ལ་སྐུལ་མ་བཏང་སྟེ་འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།