འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་དབུས་རྒྱུད་ས་ཁུལ་གྱི་གློག་དྲ་འབྲེལ་མཐུད་བཟོ་སྐྲུན་ལས་འགོ་ཚུགས་ནས་
    བོད་ལྗོངས་ཀྱི་གློག་དྲ་ཚད་བརྒལ་མཐོ་མནོན་གྱི་དུས་རབས་སུ་བསྐྱོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་07ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་6ཉིན། བོད་ལྗོངས་དབུས་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་མཁོ་བའི་གློག་ཤུགས་སྐོང་ཐབས་བྱ་ཆེད། མིག་སྔར་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཤོས་དང་། རྒྱ་མཚོའི་ངོས་ཀྱི་མཐོ་ཚད་བར་བརྒལ་ཆེ་ཤོས། རང་བྱུང་ཆ་རྐྱེན་རྙོག་འཛིང་ཆེ་ཤོས་བཅས་ཡིན་པའི་གློག་སྐྱེལ་གློག་སྒྱུར་བཟོ་སྐྲུན་ཏེ་བོད་ལྗོངས་གློག་དྲའི་དབུས་རྒྱུད་ས་ཁུལ་གྱི་གློག་དྲ་འབྲེལ་མཐུད་བཟོ་སྐྲུན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཁོངས་སུ་ལས་འགོ་ཚུགས་པ་རེད།
         བཟོ་སྐྲུན་འདིར་མ་དངུལ་བསྡོམས་འབོར་ཧ་ལམ་སྒོར་དུང་ཕྱུར་162འཇོག་རྒྱུ་ཡིན་ཞིང་། མིག་སྔའི་བོད་ལྗོངས་ཀྱི་གློག་དྲའི་གཏན་འཇགས་རྒྱུ་ནོར་བསྡོམས་འབོར་གྱི་50%ཟིན་ཡོད་པ་དང་། ཕྱེད་ཀར་ཉེ་བ་རྒྱལ་ཁབ་ཀྱིས་མ་དངུལ་འཇོག་རྒྱུ་རེད། བཟོ་སྐྲུན་འདི་ནི་ད་ལོའི་ཟླ་3པར་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་གྱི་ཞིབ་དཔྱད་ཆོག་མཆན་ཐོབ་ཡོད་པ་དང་། 2018ལོར་འཛུགས་སྐྲུན་བྱས་གྲུབ་ནས་ལས་གཉེར་བྱེད་འགོ་འཛུགས་རྒྱུའི་འཆར་གཞི་བཀོད་ཡོད་པ་རེད། བོད་ལྗོངས་དབུས་རྒྱུད་ས་ཁུལ་གྱི་གློག་དྲ་འབྲེལ་མཐུད་བཟོ་སྐྲུན་ལས་འགོ་ཚུགས་པ་དེས་བོད་ལྗོངས་སུ་གློག་ཤུགས་སྟོང་ཝོལ་500ཡི་གློག་དྲའི་སྒྲོམ་བུ་གཙོ་བོ་ཐོག་མར་འཛུགས་སྐྲུན་བྱ་རྒྱུ་དང་། བོད་ལྗོངས་ཀྱི་གློག་དྲ་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ཕྱིན་ཏེ་ཚད་བརྒལ་མཐོ་གནོན་གྱི་དུས་རབས་སུ་བསྐྱོད་རྒྱུ་མཚོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།