འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་ནགས་ཚལ་ཉིན་མོར་ཤིང་སྡོང་འཛུགས་པའི་བྱེད་སྒོ་སྤེལ་བ།

    ——རང་རྒྱལ་གྱི་ནགས་ཚལ་ཁེབས་ཚད་21.66%ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་22ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན། རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ནགས་ལས་ཅུས། རྒྱལ་སའི་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྤེལ་བའི་2017ལོའི"རྒྱལ་སྤྱིའི་ནགས་ཚལ་ཉིན་མོ"ཤིང་སྡོང་འཛུགས་པའི་དྲན་གསོའི་བྱེད་སྒོ་པེ་ཅིང་གྲོང་ཁྱེར་ཏ་ཞིང་ཆུས་སུ་སྤེལ་བ་རེད། རྒྱལ་ཁབ་ནགས་ལས་ཅུས་ཀྱི་འགོ་འཛིན་གཞོན་པ་ལིའུ་ཏུང་ཧྲེང་གིས་ཀྲུང་གོ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་2013ལོ་ནས་བཟུང་ལོ་5བསྟུད་མར་ཤིང་སྡོང་འཛུགས་པའི་དྲན་གསོའི་བྱེད་སྒོ་སྤེལ་ཞིང་། ཉེ་བའི་ལོ་ཤས་རིང་ལ་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་རྒྱུན་མ་ཆད་པ་ལེགས་བཅོས་བྱུང་ཡོད་པ་རེད། མིག་སྔར་རྒྱལ་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་21.66%ཟིན་ཞིང་། གྲོང་ཁྱེར་དུ་ཆུས་ནེའུ་གསིང་དུ་འཛུགས་སྐྲུན་བྱས་ཚད་36.44%ཟིན་པ་དང་། གྲོང་ཁྱེར་གྱི་མི་རེའི་སྤྱི་པའི་ནེའུ་གསིང་རྒྱ་ཁྱོན་སྨི་གྲུ་བཞི་མ་13.5རེ་ཟིན་ལ། གྲོང་ཁྱེར་118རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་དུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།