འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་འདི་ལོའི་ཁག་དང་པོའི་ཐོན་རྫས་རིགས་10ལ་འཐེན་བཤེར་བྱས་
    པར་ཚད་ལོན་ཚད་92.4%ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་22ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་འདི་ལོའི་ཁག་དང་པོའི་ཁབ་བསླས་ནང་འཇམ་སོགས་ཐོན་རྫས་རིགས་ཁག་བཅུའི་སྤུས་ཚད་ལ་རྒྱལ་ཁབ་ཀྱི་ལྟ་སྐུལ་འཐེན་བཤེར་བྱས་ཤིང་། ད་ཐེངས་ཁེ་ལས་632ཀྱིས་ཐོན་སྐྱེད་བྱས་པའི་ཐོན་རྫས་ཁག་ཐེངས་633(ཕྱིར་གཏོང་ཐོན་རྫས་ཚུད་མེད་པ)འཐེན་བཤེར་བྱས་པའི་ནང་ལྟ་སྐུལ་འཐེན་བཤེར་གྱི་ཚད་ལོན་ཚད་92.4%ཟིན་ཡོད་པ་རེད།
          སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཧན་ཡུན་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འཐེན་བཤེར་བྱས་པའི་ཐོན་རྫས་རིགས་བཅུའི་ནང་ཉིན་མཁོའི་ཡོ་བྱད་དང་། འཁེལ་འཐག་ཐོན་རྫས། གློག་རྡུལ་གློག་ཆས། ཡང་བའི་བཟོ་ལས་ཐོན་རྫས། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་སོགས་ཐོན་རྫས་སྣ་ཁ་བཞི་ཚུད་ཡོད་པ་དེའི་ནང་སོན་འདེབས་འཕྲུལ་འཁོར་དང་གློག་ཀླད་སོགས་ཐོན་རྫས་རིགས་གཉིས་ཀྱི་ཚད་གཞི་ལོན་ཡོད་པ་དང་། བུད་མེད་ཀྱི་ནང་འཇམ་ཐོན་རྫས་ལ་ཞིབ་བཤེར་བྱས་ནས་ཚད་གཞི་མ་ལོན་པ་5%ལས་དམའ་བ། གཙང་གདན་དང་། ཆབ་གདན། ཁབ་བསླས་ནང་འཇམ། ལག་རས་ཤོག་བུ། དུ་འཐེན་འཕྲུལ་ཆས་སོགས་ཐོན་རྫས་རིགས་ལྔར་ཞིབ་བཤེར་བྱས་རྗེས་ཚད་གཞི་མ་ལོན་པ་5%ནས་10%ཟིན་པ། ཀྲག་སྒམ་དང་སྐམ་ཀྲག་ཡོ་ཆས་དང་དྲོད་ལེན་ཡོ་ཆས་བཅས་ཐོན་རྫས་རིགས་གཉིས་ལ་ཞིབ་བཤེར་བྱས་ནས་ཚད་གཞི་མ་ལོན་པ་10%ལས་མཐོ་བ་ཡོད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།