འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅༎དབུལ་པོའི་སློབ་མར་ལས་རིགས་སློབ་གསོའི་རོགས་དངུལ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་22ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་དབུལ་པོའི་གཞོན་ནུ་ལོ་ཆུང་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བར་རོགས་སྐྱོར་བྱེད་ཆེད། རྩ་བཅོས་རོགས་སྐྱོར་འཆར་གཞི་སྟེ་གཞོན་ནུའི་འབོད་སྒྲ"ཁྱིམ་དུད་རེ་ཡིས་རེ་སྨོན་རེ་མངོན་འགྱུར་བྱ་རྒྱུ"ཞེས་པའི་གནད་སྨིན་དབུལ་སྐྱོར་ལས་རིགས་སློབ་གསོའི་སྤྱི་ཕན་བྱ་སྤྱོད་པེ་ཅིང་དུ་སྤེལ་འགོ་ཚུགས་པ་རེད། བྱ་སྤྱོད་འཆར་གཞི་འདི་ནི་རྒྱལ་ཡོངས་སུ་ཁྱིམ་དུད་2000སྐོང་འགུགས་བྱས་ཏེ་དབུལ་པོའི་སློབ་མ་2000ཡི་ལས་རིགས་སློབ་གསོ་མཐར་ཕྱིན་པར་རོགས་རམ་བྱ་རྒྱུ་རེད།
         བྱེད་སྒོ་འདི་སྤེལ་བ་དེས་གཅེས་སེམས་ལྡན་པའི་ཁྱིམ་དུད་སྣེ་ཁྲིད་དེ་གྲོང་གསེབ་ཏུ་བསྐྱོད་པ་དང་། རོགས་སྐྱོར་བྱ་ཡུལ་སློབ་མའི་སློབ་གྲྭར་བསྐྱོད་ནས་མཉམ་དུ་ཕྲུ་གུ་ཚོ་འཚར་ལོངས་ཡོང་བར་བདེན་དཔང་བྱ་རྒྱུ་ཡིན་ཞིང་། སྤྱི་ཕན་བྱེད་སྒོར་ཞུགས་པའི་བྱ་རིམ་ནང་ཁྱིམ་དུད་ཀྱིས་ཕྲུ་གུ་ཚོ་སེམས་བཟང་སྤྱོད་བཟང་དུ་འགྱུར་བར་སྣེ་ཁྲིད་བྱེད་ཀྱི་ཡོད་པས། ཕྲུ་གུ་རྣམས་ཀྱི་སེམས་སུ"རྩ་བཅོས་རོགས་སྐྱོར་གནང་བའི"ཚོར་སྣང་ཟབ་མོ་སྐྱེས་ཤིང་། ཕྲུ་གུ་ཚོར་སྤྱི་ཕན་བྱེད་སྒོ་ནི་ཕན་ཚུན་སེམས་ཁུར་གཅེས་སྐྱོང་བྱེད་པའི་ལས་འབྲེལ་ཞིག་ཡིན་པ་ཤེས་སུ་འཇུག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།