འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས“གྲོང་ཚོའི་ལས་བྱེད་པ་ཁྲི་ཚོའི་འཇོན་ཐང་ཆེ་རུ་གཏོང་བའི་འདུ་འགོད”ལག་
    ལེན་བསྟར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་22ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་དུས་མཚོ་སྔོན་ཞིང་ཆེན་གྱིས“གྲོང་ཚོའི་ལས་བྱེད་པ་ཁྲི་ཚོའི་འཇོན་ཐང་ཆེ་རུ་གཏོང་བའི་འདུ་འགོད”དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་དང་ཟི་ལིང་གྲོང་ཁྱེར་གྱི་ཆུས་བཞི་དང་རྫོང་གསུམ་ནས་ཡོང་བའི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགན་འཁུར་བ་གཙོ་བོ་དང་། གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ། ཞིང་འབྲོག་པའི་ཏང་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་བཅས་90ཡོད་པ་རྣམས་དང་ཐོག་མར་ཅང་སུའུ་ཞིང་ཆེན་ཅང་དབྱིང་གྲོང་ཁྱེར་ཧྭ་ཤིས་ཤིན་ཧྲི་གྲོང་ཁྱེར་དུ་དུས་ཡུན་ཉིན་7གྱི་གསོ་སྦྱོང་བྱ་རྒྱུ་རེད། འདི་ལོ་ཟླ་3ནས་ཟླ་6པའི་ཟླ་མཇུག་བར་མཚོ་སྔོན་གྱིས་ཞིང་ཆེན་དེ་ཡོངས་ཀྱི་ཀྲོའུ་(ས་ཁུལ་དང་གྲོང་ཁྱེར)བརྒྱད་ཀྱི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགན་ཁུར་བ་གཙོ་བོ་དང་། གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ། ཞིང་འབྲོག་པའི་ཏང་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་བཅས་856སྒྲིག་འཛུགས་བྱས་ནས་ཧྭ་ཤིས་ཤིན་ཧྲི་གྲོང་ཚོར་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་9གཉེར་བར་དུས་ཐེངས་རེར་མི་གྲངས་95ཙམ་ཟིན་གྱི་ཡོད།
          མཚོ་སྔོན་ཞིང་ཆེན་གྱིས“གྲོང་ཚོའི་ལས་བྱེད་པ་ཁྲི་ཚོའི་འཇོན་ཐང་ཆེ་རུ་གཏོང་བའི་འདུ་འགོད”འདི་ལོ་ཟླ་བ་གསུམ་པ་ནས་ལག་ལེན་བསྟར་འགོ་ཚུགས་པ་དང་དུས་བགོས་ཁག་བགོས་བྱས་ནས་སྤེལ་བ་མ་ཟད། ཟླ་དྲུག་པའི་ཟླ་མཇུག་གོང་རྩ་བའི་ཆར་མཇུག་འགྲིལ་རྒྱུ་རེད། དེའི་རིང་ཞིང་ཆེན་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགན་འཁུར་བ་གཙོ་བོ་དང་། གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ། ཞིང་འབྲོག་པའི་ཏང་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་བཅས་གཉིས་རེ་རེས་སྐོར་གསོ་སྦྱོང་བྱས་ནས་ཁྱོན་མི་གྲངས་ཁྲི་1ཙམ་ཟིན་པ་བྱ་རྒྱུ་རེད། ད་རེས་ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཚོའི་ལས་བྱེད་པ་ཁྲི་ཚོ་གསོ་སྦྱོང་བྱེད་པའི་གཙོ་གནད་ནང་དོན་ནི་གྲོང་ཚོ་རིམ་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་པ། གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་མ་གཏོང་བ་སོགས་ཡིན་པས་དོན་དངོས་དང་། ཉེར་སྤྱོད། དངོས་ཕན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཡུལ་བབ་དང་མིའི་བབ་དང་བསྟུན་ནས་སློབ་ཁྲིད་བྱ་རྒྱུ་ཡིན་པས་ནང་དོན་གཙོ་བོ་མངོན་གསལ་དོད་པོ་ཡོད་པ་མ་ཟད། རང་རང་གི་གཙོ་གནད་ཀྱང་ཡོད་པས་དམིགས་ས་འབུར་དུ་ཐོན་གྱི་ཡོད།
          གསོ་སྦྱོང་དེ་ས་གནས་ས་ཐོག་གི་ལྟ་སྦྱོང་དང་སྤེལ་རེས་གྲོས་མོལ་བྱ་རྒྱུ་གཙོ་བོར་བྱས་ནས་ཆེད་དོན་གསབ་ཁྲིད་དང་། ཉམས་མྱོང་ངོ་སྤྲོད། དཔེ་མཚོན་སློབ་གསོ། གྱོད་དཔེར་དབྱེ་ཞིབ། བརྙན་ལམ་སློབ་ཁྲིད་སོགས་ཀྱི་ཐབས་ལམ་འོས་འཚམ་སྤྱོད་རྒྱུ་རེད། གསོ་སྦྱོང་བརྒྱུད་དེ་གྲོང་ཚོ་རིམ་པའི་ཐོན་ལས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་པ། གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཞིང་ཆེན་དེ་ཡོངས་ཀྱི“གྲོང་ཚོའི་ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ལྷག་པར་དུ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགན་འཁུར་བ་གཙོ་བོའི་འཇོན་ཐང་སྔར་བས་ཆེ་རུ་གཏོང་རྒྱུ་དང་། གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ་དང་ཞིང་འབྲོག་ཁུལ་གྱི་ཏང་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པར་ཁྲིད་སྟོན་བྱས་ནས་མཐོང་རྒྱ་སྔར་བས་ཆེ་རུ་བཏང་ནས་འདི་ལོ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་ཆེད་ལས་བྱེད་པ་གྲ་སྒྲིག་ཡག་པོ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།