འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རིག་གནས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ལག་རྩལ་གྱི་ཚད་གཞི་ཐོག་མ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་22ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་20ཉིན་རིག་གནས་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་རིག་གནས་པུའི་ཏང་ཙུའི་ཁོངས་མི་པུའུ་ཀྲང་ལས་རོགས་ཡུས་ཆུན་གྱིས། ཟླ་3ཚེས་16ཉིན་རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་གྱིས་ལག་ཐོགས་ཁ་པར་(སྒུལ་བདེའི་མཐའ་སྣེ)དང་འགུལ་རིས་རྒྱལ་སྤྱིའི་ཚད་གཞི་(ཚད་གཞིའི་ཨང་གྲངསT.621)དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ཚད་གཞི་དེ་ཀྲུང་གོས་རང་བརྟེན་གསར་རྩོམ་དང་གཙོ་ཁྲིད་བྱས་ཏེ་བཟོས་པ་ཞིག་ཡིན་ལ་རང་རྒྱལ་གྱི་རིག་གནས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ལག་རྩལ་གྱི་ཚད་གཞི་ཐོག་མ་དེ་ཡང་ཡིན། རྒྱལ་སྤྱིའི་ཚད་གཞི་དེ་དངོས་སུ་ཁྱབ་བསྒྲགས་བྱས་པ་དེ་ནི་རིག་གནས་ཁྱབ་ཁོངས་ཀྱི་ཀྲུང་གོའི་ཚན་རྩལ་དང་ཀྲུང་གོའི་ཚད་གཞི་འཛམ་གླིང་ཐོག་སྐྱོད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པས་གོ་ལ་ཧྲིལ་པོའི་ལག་ཐོགས་ཁ་པར་གྱི་འགུལ་རིས་ཐོན་ལས་ལ་ཀྲུང་གོའི་ཚད་གཞི་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།