འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་གྱིས་《གླིང་སྒྲུང་》ལ་མྱུར་སྐྱོབ་སྲུང་སྐྱོང་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་22ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་གཙོ་གནད་རིག་གནས་འདུ་འགོད《གླིང་སྒྲུང》ལ་མྱུར་སྐྱོབ་སྲུང་སྐྱོང་བྱེད་པའི་ལོ་ལྔའི་འཆར་འགོད(2017ལོ་ནས་2021ལོའི་བར)ལས་དོན་སྤེལ་འགོ་ཚུགས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་མྱུར་སྐྱོབ་སྲུང་སྐྱོང་ནང་《གླིང་སྒྲུང་》གི་རིག་གཞུང་ཁྲོད་ཀྱི་ཉར་ཚགས་པར་གཞི་108དང་། 《གླིང་སྒྲུང་》གི་བོད་ཡིག་རིག་གཞུང་པར་སྐྲུན་100 《གླིང་སྒྲུང་》རིག་གཞུང་རྒྱ་འགྱུར་མ་30 《གླིང་སྒྲུང་》གི་གཏམ་གླུ་སྤེལ་མའི་ཕྱོགས་བསྒྲིགས། 《གླིང་སྒྲུང་》གི་ངོ་མཚར་གཏམ་དཔེའི་པར་གཞི་7སོགས་ཚུད་ཡོད། མིག་སྔའི་བར་པར་གཞི་ལེགས་འདེམས་གཏན་འཁེལ་ཟིན་པ་དང་《གླིང་སྒྲུང་》གི་སྐད་ཡིག་གཉིས་ཀྱི་དུས་འགོའི་འཚོལ་ཞིབ་དང་། དག་སྒྲིག པར་འདེབས་བཅས་ཀྱི་ལས་དོན་སྤྱིར་ན་ལེགས་སྒྲུབ་ཟིན་པ་དང་འབྲེལ་འཁྲབ་གཞུང་20ལྷག་ཙམ་གྱི་གཏམ་གླུ་སྤེལ་མ་ཕབ་སྦྱོར་ཟིན་ཡོད།
         《གླིང་སྒྲུང》གིས་བོད་མི་རིགས་ཀྱི་དམངས་ཁྲོད་རྩོམ་རིག་གི་ཆེས་མཐོའི་གྲུབ་འབྲས་མཚོན་པ་དང་ཡུལ་ཤུལ་ནི་གླིང་གེ་སར་གྱི་གནའ་ཤུལ་ཁྱབ་རྒྱ་ཆེ་ཤོས་ཀྱི་ས་ཆ་ཞིག་རེད། ཡུལ་ཤུལ་ནི་གླིང་སྒྲུང་གི་ལེའུ་སྣ་ཚོགས་ཉར་ཚགས་དང་གཞས་གདངས་ཀྱང་ཕུན་སུམ་ཚོགས་ཤོས་ཀྱི་ས་ཆ་ཞིག་རེད། ཉེ་བའི་ལོ་ཤས་རིང་《གླིང་སྒྲུང་》མྱུར་སྐྱོབ་དང་། འཚོལ་ཞིབ། ལེགས་སྒྲིག་དཔེ་སྐྲུན་སོགས་ལས་དོན་ཐད་ལེའུ་མང་པོ་ཞིག་འཚོལ་བསྡུ་བྱས་ཡོད་པས་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།