འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེའི་ཕྱི་འབྲེལ་པུའི་པུའུ་ཀྲང་གིས་རིག་གནས་ཤུལ་བཞག་གི་ཡུལ་སྐོར་གསར་སྤེལ་
    ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་22ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཧྥ་རན་སེའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་འཕེལ་རྒྱས་པུའི་པུའུ་ཀྲང་དབྲང—མ་ཁེ་·ཨའེ་ལུའོ་ཡིས་ཧྥ་རན་སེའི་རིག་གནས་ཤུལ་བཞག་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཡིན་ཡང་མིག་སྔར་སྤྱི་ཡོངས་གསར་སྤེལ་འདང་ངེས་ཤིག་བྱེད་ཐུབ་མེད། དེར་བརྟེན་ཁོང་གིས་ཡུལ་སྐོར་དང་རིག་གནས་ཤུལ་བཞག་ལས་རིགས་ཀྱི་འབྲེལ་བ་ཟབ་ཏུ་བཏང་ནས་རིག་གནས་ཤུལ་བཞག་གི་ཡུལ་སྐོར་གསར་སྤེལ་ལ་ཤུགས་སྣོན་རྒྱག་དགོས་ཞེས་འབོད་སྐུལ་བྱས་པ་རེད།
         ནུབ་པི་ལི་ཉིའུ་སི་ཏ་ཆུས་ཀྱི་གྲོས་དཔོན་ཟུར་པ་ཧྥ་རན་སེའི་གཙོ་གནད་གནའ་ཤུལ་དང་གནའ་གྲོང་མཐུན་ཚོགས་ཀྱི་ཚོགས་གཙོ་མ་ཏིང·མཱར་ཝུའེ་ཡིས་ཉིན་དེར་ཨའེ་ལོར་འགོ་བརྗོད་དུ《ཤུལ་བཞག་གསར་སྤེལ་བརྒྱུད་ཧྥ་རན་སེར་ཡུལ་སྐོར་དུ་ཡོང་མཁན་མི་གྲངས་མང་དུ་གཏོང་རྒྱུའི་གྲོས་འགོ་54》ཞེས་འཁོད་པའི་སྙན་ཞུ་ཞིག་ཕུལ་བ་རེད། མཱར་ཝུའེ་ཡིས་སྙན་ཞུར་གསལ་འགྲེལ་བྱེད་སྐབས་ཧྥ་རན་སེའི་ཡུལ་སྐོར་ལས་རིགས་དང་རིག་གནས་ཤུལ་བཞག་དབར་གྱི་འབྲེལ་བ་ཧ་ཅང་ཟབ་པོ་ཡོད། ཧྥ་རན་སེར་རྟེན་རྫས་བཤམས་མཛོད་ཁང་1200དང་། རྒྱལ་ཁབ་རིམ་པའི་གནའ་ཤུལ་ཁྲི་1.4 འཛམ་གླིང་ཤུལ་བཞག་42བཅས་ཡོད་པ་དང་། ཧྥ་རན་སེའི་རིག་གནས་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་50%ཡིས་ཧྥ་རན་སེར་ཡུལ་སྐོར་དུ་ཡོང་བའི་གདམ་ག་ཞིག་རེད་ཅེས་ནན་བཤད་བྱས་པ་རེད།
         མཱར་ཝུའེ་ཡིས་རིག་གནས་ཤུལ་བཞག་ཧྥ་རན་སེ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཁྱབ་ཡོད། འོན་ཀྱང་ཀུན་གྱིས་དོ་སྣང་བྱེད་པའི་མཛེས་ལྗོངས་ས་ཚིགས་གཅིག་སྡུད་ཆེ་བ་དཔེར་ན། 2015ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་བརྒྱ་ལྷག་ཙམ་ཟིན་པའི་རིག་གནས་ཤུལ་བཞག་17གྱི་ཁྲོད་14ཧྥ་རན་སེའམ་ཡང་ན་ཉེ་འཁོར་གྱི་ས་ཁུལ་དུ་གནས་ཡོད་ཅེས་བཤད། ཁོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་ཡུལ་སྐོར་དང་རིག་གནས་ལས་རིགས་དབར་གྱི་འབྲེལ་གཏུགས་ལ་ཤུགས་སྣོན་བརྒྱབ་ནས་ཧྥ་རན་སེ་རྒྱལ་ཡོངས་ཀྱི་རིག་གནས་ཤུལ་བཞག་ཐུམ་ཁ་འབྱེད་པ་དང་ཁྱབ་གདལ་བཏང་སྟེ་ས་གནས་ཁག་གི་རིག་གནས་ཤུལ་བཞག་གི་ཡུལ་སྐོར་སྒྲིག་བཀོད་ལེགས་སུ་དང་སྣེ་ལེན་ནུས་པ་ཆེ་རུ་གཏོང་དགོས་པ་སོགས་ཀྱི་གྲོས་འགོ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།