འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་གཙོ་གཞོན་
    པ་ཞའོ་ཧྥུའུ་རུང"ཉིས་འབུད"བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་21ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དཀར་མཛེས་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་གཙོ་གཞོན་པ་དང་སློབ་གྲྭ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞའོ་ཧྥུའུ་རུང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་གྱོད་ཐོ་བཀོད་དེ་ཞིབ་བཤེར་བྱས་པ་རེད།
         ཞིབ་བཤེར་བྱས་པ་བརྒྱུད། ཞའོ་ཧྥུའུ་རུང་གིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་ནས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་གཏད་འགོག་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བ་དང་། སྒྲིག་ཁྲིམས་དང་འགལ་ནས་འབུལ་རྟེན་དངུལ་བླངས་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་འགལ་ནས་གཏན་འབེབས་ལྟར་རང་ཉིད་ཀྱི་འབྲེལ་ཡོད་གནས་ཚུལ་དོན་དངོས་ལྟར་སྙན་ཞུ་མ་བྱས་པ། ལས་ཀའི་སྒྲིག་ཁྲིམས་དང་འགལ་ནས་ལྟ་སྐུལ་དོ་དམ་ཐད་འགན་འཛོལ་འགན་ཤོར་བྱུང་བ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་དང་འགལ་ནས་ལས་ཁུངས་ཀྱི་མིང་ཐོག་ནས་གཞུང་དངུལ་སྤྱད་དེ་ལས་བཟོ་པ་མི་སྒེར་གྱིས་འཇལ་དགོས་པའི་"སེམས་བདེའི་ལས་གྲྭ་"ཡི་གྲོན་དངུལ་བཏང་བ་དང་། གོ་གནས་ཐད་ཀྱི་སྟབས་བདེ་བེད་སྤྱད་དེ་མི་གཞན་ལ་ཁེ་བཟང་དོན་གཉེར་བྱས་པ་མ་ཟད་རྒྱུ་ནོར་ལྐོག་ལེན་བྱས་པ་བཅས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་རེད།
         ཞའོ་ཧྥུའུ་རུང་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཐོག་ནས་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་ལས་ཚབས་ཆེན་འགལ་བ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་སྔར་བཞིན་རང་གཅུན་མ་བྱས་པ་དང་མཚམས་འཇོག་མ་བྱས་པས་། ཆད་གཅོད་ནན་པོ་བྱ་དགོས་པ་རེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་སྲོལ་ཡིག་》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཀྱིས་ཞིབ་འཇུག་བྱས་པ་མ་ཟད་ཁུལ་ཏང་ཨུར་ཆོག་མཆན་འགོད་རྒྱུར་སྙན་འབུལ་བྱས་པ་བརྒྱུད། ཞའོ་ཧྥུའུ་རུང་ལ་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུ་དང་ལས་གནས་ཀྱི་སྒྲིག་ཁོངས་ནས་ཕྱིར་འབུད་རྒྱུ་དང་། སྒྲིག་ཁྲིམས་ལས་འགལ་བའི་ཡོང་འབབ་རྩིས་ལེན་བྱ་རྒྱུ། ཁོའི་ཉེས་གསོག་དོགས་གཞི་ཡོད་པའི་གནད་དོན་དང་དེ་བཞིན་དུ་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་ལ་སྐྱེལ་སྤྲོད་བྱས་ནས་ཁྲིམས་ལྟར་ཆད་གཅོད་བྱ་རྒྱུ་བཅས་ཀྱི་གྲོས་ཐག་བཅད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།