འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།། ཤིན་ཅང་དང་ཀོང་ཏུང་གི་གཟེབ་གྲུག་སྤོ་ལོའི་རུ་ཁག་གཉིས་ཀྲུང་གོའི་ཆེད་ལས་གཟེབ་གྲུག་
    སྤོ་ལོ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་བསྡུར་དུ་རིམ་འཕར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།། ཤིན་ཅང་དང་ཀོང་ཏུང་གི་གཟེབ་གྲུག་སྤོ་ལོའི་རུ་ཁག་གཉིས་ཀྲུང་གོའི་ཆེད་ལས་གཟེབ་གྲུག་
སྤོ་ལོ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་བསྡུར་དུ་རིམ་འཕར་བྱུང་བ།
            མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་19ཉིན། 2016-2017ལོའི་འགྲན་དུས་ཀྱི་ཀྲུང་གོའི་སྐྱེས་པའི་གཟེབ་དྲུག་སྤོ་ལོ་འགྲན་ཚོགས་ཀྱི་རྟིང་རྩོད་ཕྱེད་མའི་འགྲན་བསྡུར་གཉིས་སྤེལ་ཞིང་། ཤིན་ཅིང་རུ་ཁག་གིས་སྐར་གྲངས་111གི་ཐོག་ནས་སྐར་གྲངས་103ལས་ལོན་མེད་པའི་ལེའོ་ཉིང་རུ་ཁག་ཕམ་པར་བྱས་པ་དང་། ཀོང་ཏུང་རུ་ཁག་གིས་སྐར་གྲངས་103གྱི་ཐོག་ནས་སྐར་གྲངས་90ལས་ལོན་མེད་པའི་ཧྲེན་ཀྲེན་རུ་ཁག་ཕམ་པར་བྱས་པ་རེད། དེར་བརྟེན། འགྲན་བསྡུར་ཐེངས་ལྔ་བྱས་རྗེས། ཤིན་ཅང་དང་ཀོང་ཏུང་རུ་ཁག་གཉིས་སྤྱིའི་སྐར་འབྲས་4:1གི་ཐོག་ནས་འགྲན་ཡ་ཕབ་པར་བྱས་ཏེ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་བསྡུར་ནང་ཞུགས་ཐུབ་པ་རེད།
            CBAའགྲན་ཚོགས་ཀྱི་རུ་ཁག་དག་གི་རྩལ་ནུས་འདྲ་པོ་ཡོད་པས། ཤིན་ཅིང་རུ་ཁག་དང་ཀོང་ཏུང་རུ་ཁག་གཉིས་དེ་སྔའི་འགྲན་དུས་ཁ་ཤས་ཤིག་གི་ཁྲོད། རྟིང་རྩོད་འགྲན་བསྡུར་དུ་ཞུགས་ཐུབ་མེད་པ་རེད། 2008-2009ལོའི་འགྲན་དུས་ནས་བཟུང་། རུ་ཁག་འདི་གཉིས་རྟིང་རྩོད་འགྲན་བསྡུར་ནང་ཐེངས་གསུམ་འཕྲད་ཀྱང་། ཀོང་ཏུང་རུ་ཁག་གིས་རྒྱལ་ཁ་བླངས་པ་རེད། ད་རེས་ཀྱི་རྟིང་རྩོད་འགྲན་བསྡུར་ནི་འཕྲད་ཐེངས་བཞི་པ་ཡིན་ལ། རྟིང་རྩོད་འགྲན་བསྡུར་དུ་སྤྱིའི་འགྲན་ཐེངས་བདུན་ཡོད་ཅིང་། རྒྱལ་ཁ་ལེན་ཐེངས་བཞི་བྱས་ན་རྒྱལ་བར་གྱུར་པ་རེད། ཟླ་3ཚེས་31ཉིན་འགྲན་བསྡུར་འགོ་ཚུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།