འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་19གཅིག་སྡུད་ལས་འགོ་བཙུགས་པ།

    ཁྱོན་མ་དངུལ་སྒོར་དུང་ཕྱུར་752གཏོང་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་15ཉིན་གྱི་སྔ་དྲོ་སི་ཁྲོན་གྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་19གཅིག་སྡུད་ལས་འགོ་བཙུགས་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་752གཏོང་རྩིས་ཡོད་པ་དེ་དག་དཔལ་འབྱོར་ཁུལ་ཆེན་པོ་5དང་གྲོང་ཁྱེར་ཆེན་པོ་4ཡི་གྲོང་ཁྱེར(ཀྲོའུ)ལ་ཁྱབ་ཡོད་པས་སི་ཁྲོན་གྱི་འགྲིམ་འགྲུལ་འཛུགས་སྐྲུན་ལ་སླར་ཡང་ཚ་རླབས་གསར་པ་ཞིག་འཕྱུར་རྒྱུ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་གཅིག་སྡུད་ལས་འགོ་བཙུགས་པའི་རྣམ་གྲངས་19ཡི་ནང་ཆུ་ལམ་སྐྱེལ་འདྲེན་རྣམ་གྲངས་1དང་། མྱུར་བགྲོད་གཞུང་ལམ་3 ཞིང་ཆེན་ལམ་དང་རྒྱལ་ལམ་གྱི་རྣམ་གྲངས་དཀྱུས་མ་15བཅས་ཡོད་པ་རེད།
          མིན་ཅང་གཙང་པོའི་ལུང་ཤི་ཁོའུ་མཁའ་སྐྱོད་གློག་རྡུལ་ལྟེ་གནས་ནི་རྣམ་གྲངས་19ཡི་ཆུ་ལམ་སྐྱེལ་འདྲེན་གྱི་རྣམ་གྲངས་གཅིག་པུ་དེ་ཡིན་པ་དང་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་158.2གཏོང་རྩིས་ཡོད་པ་དང་འཛུགས་སྐྲུན་དུས་ཡུན་ཟླ་བ་65རེད། རྣམ་གྲངས་དེ་འཛུགས་སྐྲུན་བྱས་རྗེས་དུམ་བུ་དེའི་ཆུ་ལམ་དུ་གྲུ་གཟིངས་ཤར་གཏོང་ཐུབ་ཚད་དེ་སྔའི་རིམ་པ་4ནས་རིམ་པ་3པར་མཐོ་རུ་འགྲོ་རྒྱུ་དང་ལོ་འཁོར་མོར་ཏུན་ཁྲི་1000རིམ་པའི་གྲུ་གཟིངས་ཤར་གཏོང་ཐུབ་རྒྱུ་རེད། མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་3པོ་དེ་དག་ནི་ཁྲེང་ཏུའུ་ནས་དབྱི་པིན་བར་གྱི་མྱུར་བགྲོད་གཞུང་ལམ་དང་། པ་ཀྲུང་ནས་དབན་ཡོན་བར་གྱི་མྱུར་བགྲོད་གཞུང་ལམ། རུང་ཁྲང་ནས་ལུའུ་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་བཅས་རེད། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་ཨ་མའི་རྣམ་གྲངས་15དཀར་མཛེས་དང་། རྔ་པ། ལེང་ཧྲན་སོགས་ཚུད་པའི་གྲོང་ཁྱེར(ཀྲོའུ)11ཏུ་ཁྱབ་ཅིང་། དེ་དག་ལ་དཔལ་འབྱོར་གྱི་མ་ལམ་རྣམ་གྲངས་ཡོད་ལ། ཡུལ་སྐོར་གཞུང་ལམ་དང་དབུལ་སྐྱོར་བགྲོད་ལམ་གྱི་རྣམ་གྲངས་ཀྱང་ཡོད། རྣམ་གྲངས་དེ་དག་འཛུགས་སྐྲུན་བྱས་པ་ལས་སི་ཁྲོན་གྱི་མ་ལམ་དཀྱུས་མའི་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་དང་། འགྲིམ་འགྲུལ་གྱི“འཇུར་མིག”གི་གནད་དོན་ཐག་གཅོད་ཐུབ་རྒྱུ། ཁུལ་ཁོངས་གྱི་གཞུང་ལམ་དྲ་རྒྱའི་བཀོད་པ་ལེགས་སུ་འགྲོ་རྒྱུ། མང་ཚོགས་ཕྱིར་སྐྱོད་ཀྱི་ཆ་རྐྱེན་ལེགས་སུ་འགྲོ་རྒྱུ་བཅས་ཡིན་པས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་དོན་སྙིང་གལ་ཆེན་ལྡན་ཡོད། དེའི་ནང་རྣམ་གྲངས་4པོ་ནི་ཆིན་པ་རི་བོ་དང་ཝུའུ་མོང་རི་བོའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་སྣེ་ཁྲིད་བྱེད་པའི་དབུལ་སྐྱོར་འགག་སྒྲོལ་གྱི་རྣམ་གྲངས་གལ་ཆེན་ཡིན་པས། དེ་དག་འཛུགས་སྐྲུན་ཟིན་རྗེས་འགྲིམ་འགྲུལ་འགྲོ་སྐྱོད་ཀྱི་ཆ་རྐྱེན་ལེགས་སུ་འགྲོ་རྒྱུ་དང་། ལེགས་ལྡན་ཐོན་ཁུངས་གསར་སྤེལ་ལ་སྐུལ་མ་ཐེབས་ནས་གསར་རྗེའི་ཁུལ་རྙིང་པ་དང་ས་ཁུལ་དབུལ་པོ་དབུལ་སྒྲོལ་ཕྱུར་འགྱུར་གྱི་གོམ་སྟབས་མགྱོགས་སུ་འགྲོ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།