འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཞིའི་དབུས་བྱང་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་ཐོག་ཁང་དུ་མེ་སྐྱོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧྲན་ཞིའི་དབུས་བྱང་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་ཐོག་ཁང་དུ་མེ་སྐྱོན་བྱུང་བ།
          མི་དམངས་དྲ་བའི་འཕྲིན། ཐའེ་ཡོན་མེ་གསོད་མེ་འགོག་གཞུང་ཕྱོགས་ཀྱི་པོད་འཕྲིན་དུ་སྤེལ་བའི་གནས་འཕྲིན་ལྟར་ན། ཟླ་3ཚེས་18ཉིན་གྱི་ཆུ་ཚོད་20དང་སྐར་མ་11སྐབས། ཐའེ་ཡོན་གྲོང་ཁྱེར་མེ་གསོད་མེ་འགོག་ཡན་ལག་རུ་ཁག་གི་119བཀོད་འདོམས་ལྟེ་གནས་སུ་ཉེན་བརྡ་འབྱོར་ནས་ཐའེ་ཡོན་གྲོང་ཁྱེར་གྱི་ཅན་ཚའོ་ཕིན་ས་ཁུལ་དུ་ཡོད་པའི་དབུས་བྱང་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་ཐོག་ཁང་དུ་མེ་སྐྱོན་བྱུང་བ་རྟོགས་པས། ཡན་ལག་རུ་ཁག་གིས་འཕྲལ་མར་ནུས་ཤུགས་སྒྲིག་འཛུགས་ཀྱིས་མེ་གསོད་ལས་སྒོ་སྤེལ་སྟབས། ཆུ་ཚོད་22དང་སྐར་མ་15སྐབས། མེ་སྐྱོན་ཚང་མ་བསད་ཟིན་པ་དང་། མེ་སྐྱོན་བྱུང་བའི་ཁྱབ་རྒྱ་སྨི་གྲུ་བཞི་མ་200ཙམ་ཟིན་ཡོད་ལ། མི་སྣ་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་པ་རེད། མེ་སྐྱོན་འབྱུང་རྐྱེན་ནི་ད་ལྟ་རྟོག་ཞིབ་བྱེད་སྒང་ཡིན་པ་རེད།
    ༄༅།།ཧྲན་ཞིའི་དབུས་བྱང་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་ཐོག་ཁང་དུ་མེ་སྐྱོན་བྱུང་བ།
    ༄༅།།ཧྲན་ཞིའི་དབུས་བྱང་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་ཐོག་ཁང་དུ་མེ་སྐྱོན་བྱུང་བ།
    ༄༅།།ཧྲན་ཞིའི་དབུས་བྱང་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་ཐོག་ཁང་དུ་མེ་སྐྱོན་བྱུང་བ།
    ༄༅།།ཧྲན་ཞིའི་དབུས་བྱང་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་ཐོག་ཁང་དུ་མེ་སྐྱོན་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།