འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གྲོང་གསེབ་ས་ཁུལ་དུ་ལག་པར་དངུལ་ ཁང་གི་ཉོ་ཚོང་བྱེད་ཚད་མགྱོགས་མྱུར་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2016ལོར་རང་རྒྱལ་གྱི་གྲོང་གསེབ་ས་ཁུལ་དུ་ལག་ཐོགས་ཁ་པར་དངུལ་ཁང་གི་ལས་སྒོ་གཉེར་ཚད་མངོན་གསལ་དོད་པོས་འཕར་ཡོད། ལག་ཐོགས་ཁ་པར་དངུལ་ཁང་ཤར་གཏོང་ཐུབ་ཚད་རིམ་རྩིས་བརྒྱབ་ན་དུད་ཚང་དུང་ཕྱུར་3.73ཟིན་པ་དེ་ལོ་གོང་མ་ལས་35.14%འཕར་བ་དང་། ལག་ཐོགས་ཁ་པར་གྱི་གཏོང་སྤྲོད་ལས་སྒོ་གཉེར་ཐེངས་དུང་ཕྱུར་50.86དང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་23.4ཟིན་པ་དེ་61.51%དང་71.05%སོ་སོར་འཕར་ཡོད་པ་རེད།
         ཀྲུང་དབྱང་དངུལ་ཁང་གིས་གྲོང་གསེབ་ཀྱི་དྲ་ཐོག་དངུལ་ཁང་ཤར་གཏོང་ཐུབ་པའི་དུད་ཚང་གི་གྲངས་འབོར་མགྱོགས་མྱུར་འཕར་ཡོད། འོན་ཀྱང་ལག་ཐོགས་ཁ་པར་དངུལ་ཁང་གི་ཉོ་ཚོང་དེ་མུ་མཐུད་འཕར་བ་མ་ཟད་འཕར་ཧ་ཅང་མགྱོགས་པོ་ཡོད་པ་དང་། དྲ་ཐོག་དངུལ་ཁང་གི་ཉོ་ཚོང་བྱེད་ཚད་འཕར་མེད་པ་མ་ཟད། གཏན་འཇགས་ཁ་པར་དངུལ་ཁང་གི་ཉོ་ཚོང་བྱེད་ཚད་མངོན་གསལ་དོད་པོས་ཆག་ཡོད་ཅེས་བཤད།
          གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། 2016ལོའི་ལོ་མཇུག་བར་གྲོང་གསེབ་ས་ཁུལ་དུ་དྲ་ཐོག་དངུལ་ཁང་ཤར་གཏོང་ཐུབ་ཚད་རིམ་རྩིས་བརྒྱབ་ན་དུད་ཚང་དུང་ཕྱུར་4.29ཟིན་པ་དེ་ལོ་གོང་མ་ལས་20.5%འཕར་བ་དང་། ཁ་པར་དངུལ་ཁང་ཤར་གཏོང་ཐུབ་ཚད་རིམ་རྩིས་བརྒྱབ་ན་དུད་ཚང་དུང་ཕྱུར་2.15ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་18.78%འཕར་ཡོད། 2016ལོར་དྲ་ཐོག་དངུལ་ཁང་གི་གཏོང་སྤྲོད་ལས་སྒོ་གཉེར་ཐེངས་དུང་ཕྱུར་98.29དང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་152.06ཟིན་པ་དེ་ལོ་གོང་མ་དང་ཧ་ལམ་མཚུངས་ཀྱི་ཡོད། ཁ་པར་དངུལ་ཁང་གི་གཏོང་སྤྲོད་ལས་སྒོ་གཉེར་ཐེངས་དུང་ཕྱུར་1.82དང་དངུལ་འབོར་སྒོར་དུང་ཕྱུར་2721.58ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་སོ་སོར་26.9%དང་38.56%ཆག་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།