འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་གོའི་གྲོས་བསྡུར་བྱེད་སྟངས”ལས་གནད་དོན་ཐག་གཅོད་བྱེད་པའི“ཀྲུང་གོའི་ཇུས་
    གཞི”འགྲུབ་རྒྱུར་རེ་སྒུག་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་3ནས་13ཉིན་བར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་དུ་འཚོགས་པ་དང་དྲ་དམངས་ཀྱི་དོ་ཁུར་རྒྱུན་མཐུད་ངང་ཐོབ་ཡོད། དྲ་དམངས་ཀྱིས་ད་ཐེངས་ཀྱི་ཚོགས་འདུ་དེ་ནི་མཐུན་སྒྲིལ་དང་། དངོས་སྒྲུབ། ནུས་ལྡན། གྲུབ་འབྲས་ཐོབ་པ་བཅས་ཡིན་ལ“ཀྲུང་གོའི་རྣམ་པའི་དམངས་གཙོ”གསོན་ཉམས་དོད་པའི་ལག་ལེན་ཞིག་རེད་ཅེས་བསྔགས་བརྗོད་བྱས་ཡོད།
           དྲ་དམངས་ཀྱིས་ད་ཐེངས་ཀྱི་ཚོགས་འདུ་འཚོགས་རིང་གི་སྲིད་གྲོས་ཨུ་ཡོན་གྱི་མཚོན་ཚུལ་ལ་ཁས་ལེན་གང་ལེགས་བྱས་པ་དང་ཚོགས་ཆེན་གྱི་གཏམ་བཤད་ཐེངས་གསུམ་ནས་ཚོགས་ཆུང་དང་རིགས་ཁོངས་ཁག་གི་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ཐེངས་11བར་དང་། དཔལ་འབྱོར་དང་། དམངས་འཚོ། རིག་གནས་བཅས་སྐོར་གྱི་གསར་འགོད་པའི་ཚོགས་འདུ་ཐེངས་3ནས“ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་ཞིང་པའི་འབབ་འཕར་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་གཏོད་རྒྱུ”བརྗོད་བྱ་གཙོ་བོར་བྱས་པའི་གྲོས་གཞི་བདག་སྤྲོད་གྲོས་མོལ་ཚོགས་འདུའི་བར་ཨུ་ཡོན་ཚོས་གང་བསམ་ལྷུག་གླེང་དང་ཐབས་འདོན་ཇུས་འདོན་གནང་ནས་གྲོས་གཞིའི་སྤུས་ཚད་མཐོ་བ་དང་ཐབས་འདོན་རྒྱུ་དེ་བས་ཏན་ཏན་ཏིག་ཏིག་ཡིན་པའི་ངོས་འཛིན་བྱས་པ་རེད།
          དྲ་དམངས་ཀྱིས“དངུལ་རྩས་གནད་སྨིན་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ”སོགས་ཀྱི་གྲོས་གཞི་དེ་དག་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་མཐུན་པ་དང་། “ཕན་ནུས་ཆུང་བ་དང་ཕན་ནུས་མེད་པའི་རྒྱུ་ནོར་དང་དེ་བཞིན་རེངས་འགྱུར་དམིགས་བསལ་དཀའ་ངལ་ཡོད་པའི་ཁེ་ལས་ཐག་གཅོད་བྱེད་དགོས་པ”སོགས་ཀྱི་གྲོས་གཞིས་སྒྱུར་བཅོས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་དམ་བཟུང་བྱས་པ། “གནད་སྨིན་གྱིས་སྨུག་རྡུལ་བཅོས་སྐྱོང་དང་ཚན་རིག་དང་མཐུན་པའི་ཇུས་འདོན་དགོས་པ”སོགས་གྲོས་གཞིས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ལ་ཐད་ཀར་དམིགས་པ། “མི་ཐབས་ལ་བརྟེན་པའི་རིག་ནུས་ལས་རིགས་བཀོལ་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་གསར་གཏོད་རྣམ་པའི་དཔལ་འབྱོར་སྐྲུན་དགོས་པ”སོགས་གྲོས་གཞིས་ཀྲུང་གོའི་ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་པ་བཅས་ཡིན་པའི་ངོས་འཛིན་བྱས་པ་རེད། 
         ཕུང་ཕའེ་གསར་འགྱུར་དྲ་བའི་དྲ་དམངས“Makeny”ཡིས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་འགག་སྒྲོལ་དཀའ་སེལ་གྱིས་བསམ་ཕྱོགས་གསར་འབྱེད་དང་ཐབས་ལམ་དོན་གཉེར་གནང་བ་དང་། འགན་འཁྲི་གཙང་སྒྲུབ་ཏན་ཏིག་ནུས་ལྡན་བྱས་ཡོད་ཅེས་བཤད། དྲ་དམངས་ཀྱིས་དབྱེ་ཞིབ་བྱས་ནས་ཉིན་11རིང་རིགས་ཁོངས་34ཡི་ཨུ་ཡོན་2000ལྷག་ཙམ་གྱིས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་གྲོས་ཞིབ་དང་གྲོས་བསྡུར་གནང་སྐབས་བློ་གྲོས་གཅིག་སྡུད་གནང་བ་དང་ལྟ་བ་མི་འདྲ་བའི་ཁྲོད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་གྲུབ་པར་བྱས་ནས“ཀྲུང་གོ་རྣམ་པའི་དམངས་གཙོའི”གསོན་ཤུགས་གང་ལེགས་མངོན་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་ལ་ཐབས་བཟང་དོན་གཉེར་དང་ཇུས་གཞི་ཏན་ཏིག་བཏོན་གནང་ཡོད་ལ་སྒྱུར་བཅོས་འཕེལ་རྒྱས་ཐད་སྒུལ་ཤུགས་དེ་བས་མང་བ་བསྣན་ནས་མཐུན་སྒྲིལ་མཉམ་ལས་ཀྱི་སེམས་མཐུན་འཆར་འགོད་བཏིངས་ཡོད་པའི་ངོས་འཛིན་བྱས་པ་རེད།
         ཤིན་ཧྭ་དྲ་བའི་དྲ་དམངས་ཀྱིས“མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱས་ཚེ་དཀའ་ངལ་མཐའ་དག་ཁྱད་བསད་ཐུབ་ནས་འོད་སྟོང་འབར་བའི་གྲུབ་འབྲས་གཏོད་ཐུབ”པས་འབྲེལ་ཡོད་སྡེ་ཚན་གྱིས་ཨུ་ཡོན་གྱི་གྲོས་འགོ་དང་གྲོས་གཞི་བདག་སྤྲོད་ནན་ཏན་དང་བསྡུ་ལེན་ཧུར་ཐག་བྱས་ཏེ་དམངས་ཀྱི་བློ་གྲོས་བསྡུ་བ་དང་། དམངས་ཀྱི་འདུན་པ་དང་མཐུན་པ། དམངས་ཀྱི་སེམས་པ་རྣལ་ལ་ཕབ་པ་བཅས་དངོས་སུ་བྱས་ནས་ཚོགས་འདུ་གཉིས་ཀྱི“ཀྲུང་གོའི་གྲོས་བསྡུར་བྱེད་སྟངས”ལས་གནད་དོན་ཐག་གཅོད་བྱེད་པའི“ཀྲུང་གོའི་ཇུས་གཞིར”འགྲུབ་རྒྱུའི་རེ་བ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།