འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཁེན་ནི་ཡའི་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱིས་དངོས་ཟོག་ཞལ་འདེབས་སུ་ཕུལ་ནས་མུག་སྐྱོབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    མང་ཚོགས་ཀྱིས་རུ་སྟར་བསྒྲིགས་ཏེ་མུག་སྐྱོབ་དངོས་ཟོག་ལེན་པ།
    མང་ཚོགས་ཀྱིས་རུ་སྟར་བསྒྲིགས་ཏེ་མུག་སྐྱོབ་དངོས་ཟོག་ལེན་པ།
           མི་དམངས་དྲ་བའི་འཕྲིན། ཁེན་ནི་ཡའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ན་ནིང་གི་ཟླ་10ནས་ཟླ་12ཀྱི་ཆར་དུས་སུ། ཁེན་ནི་ཡ་རྒྱལ་ཁོངས་སུ་ལོ་གོང་མའི་ཆ་སྙོམས་ཀྱི་ཚད་དང་བསྡུར་ན་ཆར་ཆུ་ཧ་ཅང་དཀོན་པས། རྒྱལ་ཡོངས་ཀྱི་མི་ཁྲི་270ལྷག་ཙམ་ལ་གནོད་སྐྱོན་བྱུང་སྟེ་ཟས་རིགས་ཀྱི་རོགས་སྐྱོར་མཁོ་གལ་ཆེན་པོ་བྱུང་བ་རེད།
            2017ལོའི་ཟླ་3ཚེས་12ཉིན། ཁེན་ནི་ཡའི་ཀྲུང་ཧྭ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཁེན་ནི་ཡའི་ཐན་སྐྱོན་བྱུང་ཁུལ་མཱ་ཁུའུ་ཨེ་ནི་ཅུན་དུ་མུག་སྐྱོབ་བྱས་པ་དང་། ཅུན་དེ་ཡི་གྲོང་ཚོ་ལྔ་ཡི་མང་ཚོགས་ལ་འཐུང་ཆུ་དང་། གྲོ་ཞིབ། ཟས་སྣུམ་སོགས་འཕྲལ་མཁོའི་དངོས་ཟོག་ཏུན་30ཙམ་ཞལ་འདེབས་ཕུལ་བས། ས་གནས་དེ་གའི་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་ངང་ནས་དགའ་བསུ་ཆེན་པོ་ཞུས་པ་རེད།
    འབྲོག་པ་ཞིག་གིས་ཕྱུགས་ཟོག་གི་འཐུང་ཆུ་ལེན་པ།
    འབྲོག་པ་ཞིག་གིས་ཕྱུགས་ཟོག་གི་འཐུང་ཆུ་ལེན་པ།
      

    ཕྱོགས་བསྡུས་གསར་འགྱུར།