འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་ནང་སོག་གི་ལུག་ཤ་སྤུས་ལེགས་ཕྱིར་གཏོང་ཚད་ཏུན་ཆིག་སྟོང་ལྷག་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ནང་སོག་གིས་རྒྱལ་ཁབ་ཀྱི་ལྗང་མདོག་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་ལས་སྣོན་དང་ཕྱིར་གཏོང་རྟེན་གཞི་འཛུགས་སྐྲུན་བྱས་པ་དང་བསྟུན་ནས་ཉེ་བའི་ལོ་ཤས་རིང་ནང་སོག་གི་ལུག་ཤ་སྤུས་ལེགས་ཕྱིར་གཏོང་བྱེད་ཚད་མུ་མཐུད་མགྱོགས་སུ་ཕྱིན་ཡོད། གྲངས་གཞི་གསར་ཤོས་ལས་མངོན་པར། 2016ལོར་སྤུས་བཤེར་ཚད་ལོན་རྗེས་ནང་སོག་གིས་ལུག་ཤ་འཁྱགས་མ་ཁག་ཐེངས་67ལ་ཏུན་1098.8ཕྱིར་གཏོང་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ཀྱི་ཐེངས་གྲངས་ལས་17.5%མང་དུ་ཕྱིན་པ་དང་དངོས་ཟོག་རིན་གོང་ཨ་སྒོར་ཁྲི་844ཟིན་གྱི་ཡོད།
          མིག་སྔར་ནང་སོག་ཏུ་སྤུས་བཤེར་ཐོ་འགོད་བྱས་པའི་རིགས་ཁག་གི་ལུག་ཤ་ཕྱིར་གཏོང་ཁེ་ལས་བསྡོམས་22ཟིན་པ་དེ་དག་གིས་གཙོ་བོ་ཕྱིར་གཏོང་བྱེད་པའི་ཐོན་རྫས་ལ་ལུག་ཤ་ཤ་མ་རུས་འཁྱགས་མ་དང་། ལུག་ཤ་ཤ་སྣག་འཁྱགས་མ། ལུག་གཞུག་གི་ཚི་ལུ་འཁྱགས་མ་བཅས་ཡོད་ཅིང་། 2016ལོར་ལུག་ཤ་འཁྱགས་མ་ཕྱིར་གཏོང་བྱས་པ་ཕུད། ནང་སོག་གིས་ཕྱིར་གཏོང་བྱས་པའི་ལུག་གཞུག་གི་ཚི་ལུ་འཁྱགས་མ་ཁག་ཐེངས་11ལ་ཏུན་175.26ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ཀྱི་ཐེངས་གྲངས་ལས་450%མང་དུ་ཕྱིན་པ་དང་དངོས་ཟོག་རིན་གོང་ཨ་སྒོར་ཁྲི་28.7ཟིན་གྱི་ཡོད། ནང་སོག་གིས་ཕྱིར་གཏོང་བྱེད་པའི་ལུག་ཤ་འཁྱགས་མ་དང་ལུག་གཞུག་གི་ཚི་ལུ་གཙོ་བོ་ཀྲུང་གོའི་ཤང་ཀང་དང་། དབྱི་སི་རལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ལ་ཕྱིར་གཏོང་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།