འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་རང་རྒྱལ་གྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་7ཡོལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱིས་ཚེས་16ཉིན་《2016ལོའི་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་བསྡོམས་རྩིས་སྤྱི་བསྒྲགས་》(གཤམ་དུ་བསྡོམས་རྩིས་སྤྱི་བསྒྲགས་ཞེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་པ་དང་། རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2016ལོར་རྒྱལ་ཡོངས་ཀྱི་རྒྱ་ཚོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་70507ཟིན་པ་དེ་ལོ་གོང་མ་ལས་6.8%འཕར་བ་དང་། རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་9.5%བཟུང་ནས་རང་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་དང་རྒྱ་མཚོའི་ཐོན་ལས་བརྟན་པོའི་ངང་འཕར་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།
         བསྡོམས་རྩིས་ཀྱི་སྤྱི་བསྒྲགས་ལས་མངོན་པར་གཞིགས་ན། རྒྱ་མཚོའི་ཐོན་སྐྱེད་བསྡོམས་འབོར་ནང་རྒྱ་མཚོའི་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་43283དང་རྒྱ་མཚོའི་འབྲེལ་ཡོད་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་27224ཡོད། རྒྱ་མཚོའི་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་3566དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་28488 ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་38453བཅས་ཟིན་པ་དང་རྒྱ་མཚོའི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རིན་ཐང་འཕར་མས་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་གི་བསྡོམས་འབོར་བཟུང་བའི་བསྡུར་ཚད་སོ་སོ་5.1%དང་། 40.4% 54.5%བཅས་རེད། ཚོད་རྩིས་བྱས་པར་གཞིགས་ན། 2016ལོར་རྒྱལ་ཡོངས་ཀྱི་རྒྱ་མཚོ་དང་འབྲེལ་བའི་ལས་གནས་སུ་མི་ཁྲི་3624ལས་ཞུགས་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།