འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།《གེ་སར་སྒྲུང་》སྲུང་སྐྱོང་གི་འདུ་འགོད་སྒྲུབ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་རིག་གནས་འདུ་འགོད་གལ་ཆེན་《གེ་སར་སྒྲུང་》མྱུར་སྐྱོབ་སྲུང་སྐྱོང་བྱ་རྒྱུའི་ལོ་ལྔའི་འཆར་འགོད་(2017ལོ་ནས་2021ལོའི་བར་)སྒྲུབ་འགོ་ཚུགས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་མྱུར་སྐྱོབ་སྲུང་སྐྱོང་ཁྲོད། 《གེ་སར་སྒྲུང་》གི་རིག་གཞུང་གཅེས་ཚགས་པར་གཞི་པོ་ཏི་108དང་། 《གེ་སར་སྒྲུང་》རིག་གཞུང་བོད་ཡིག་པར་གཞི་པོ་ཏི་100 《གེ་སར་སྒྲུང་》རིག་གཞུང་རྒྱ་ཡིག་ཏུ་བསྒྱུར་བའི་པར་གཞི་པོ་ཏི་30 《གེ་སར་སྒྲུང་》ནང་གི་སྐད་གྲགས་ཆེ་བའི་རོལ་དབྱངས་ཕྱོགས་བསྒྲིགས། 《གེ་སར་སྒྲུང་》ནང་གི་སྐད་གྲགས་ཆེ་བའི་གཏམ་དཔེ་པར་གཞི་པོ་ཏི་7སོགས་འདུས་ཡོད་པ་རེད། ད་ལྟའི་བར་དུ་པར་གཞི་བདམས་གསེས་གཏན་འཁེལ་བྱས་ནས་《གེ་སར་སྒྲུང་》སྐད་ཡིག་གཉིས་ཀྱི་ཐ་སྙད་དུས་འགོའི་བཤེར་འཚོལ་ལེགས་སྒྲིག་པར་འདེབས་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་བ་མ་ཟད། འཁྲབ་གཞུང་20ཡི་གླིང་སྒྲུང་སྒྲ་ཕབ་བྱས་ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།