འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་གྱིས་ནུས་ཚད་ཆེ་བའི་མེ་ཤུགས་འཕུར་མདའ་སྒུལ་བྱེད་འཕྲུལ་འཁོར་དཔེ་གསར་
    ས་ཐོག་མེ་སྦར་ཚོད་ལྟ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁྲའོ་ཞན་གྱིས་ནུས་ཚད་ཆེ་བའི་མེ་ཤུགས་འཕུར་མདའ་སྒུལ་བྱེད་འཕྲུལ་འཁོར་དཔེ་གསར་
ས་ཐོག་མེ་སྦར་ཚོད་ལྟ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་19ཉིན་ཁྲའོ་ཞན་གྱི་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་སྔོན་ཁྲའོ་ཞན་གྱིས་ནུས་ཚད་ཆེ་བའི་མེ་ཤུགས་འཕུར་མདའ་སྒུལ་བྱེད་འཕྲུལ་འཁོར་དཔེ་གསར་ས་ཐོག་མེ་སྦར་ཚོད་ལྟ་བྱས་ཤིང་། ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་ཅིང་ཀྲེང་ཨེན་གྱིས་ཚོད་ལྟ་བྱས་འབྲས་ལ་བློ་ཡིད་རང་བ་བསྟན་པ་རེད།
         གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་3ཚེས་18ཉིན་གྱི་ཐོ་རེངས་ལ་ཅིང་ཀྲེན་ཨེན་ཞིང་ཧའེ་སྲུང་སྐར་འཕེན་གཏོང་ར་བར་བསྐྱོད་དེ་སྒུལ་བྱེད་འཕྲུལ་འཁོར་གྱི་ལག་རྩལ་ནུས་པ་དང་ས་ཐོག་མེ་སྦར་ཚོད་ལྟའི་གྲ་སྒྲིག་བྱས་ཚུལ་ཤེས་རྟོགས་བྱས་ཤིང་། དེ་ནས་མེ་སྦར་ནས་ཚོད་ལྟ་བྱེད་འགོ་ཆོག་པའི་བཀའ་ཕབ་པ་རེད། 
         གནས་འཕྲིན་སྤེལ་བར་གཞིགས་ན། ནུས་ཚད་ཆེ་བའི་སྒུལ་བྱེད་འཕྲུལ་འཁོར་ནི་ཁྲའོ་ཞན་གྱི་རྒྱལ་ཁབ་ཚན་རིག་ཁང་གིས་ཞིབ་འཇུག་གིས་གསར་བཟོ་བྱས་པ་ཞིག་ཡིན་ཞིང་། སྔོན་ཆད་ཀྱི་སྒུལ་བྱེད་འཕྲུལ་འཁོར་ལས་འདེད་ཤུགས་ཆེ་བ་དང་། དེ་ནི་ས་ཐོག་མེ་སྦར་ཚོད་ལྟ་ཐེངས་དང་པོ་བྱས་པ་རེད། ཐེངས་འདིའི་ཚོད་ལྟ་བྱེད་པའི་དམིགས་ཡུལ་ནི་འབར་ཁང་གི་འདེད་ཤུགས་དང་། སྒྲོ་གཤོག་འཕྲུལ་འཁོར་འཁོར་སྐྱོད་ཀྱི་ཞིབ་གཙིགས་རང་བཞིན། ཚོད་འཛིན་མ་ལག་གི་བདེ་འཇགས་རང་བཞིན་དང་བརྟན་པོའི་རང་བཞིན་སོགས་ནུས་ཚད་ཆེ་བའི་སྒུལ་བྱེད་འཕྲུལ་འཁོར་གྱི་ལག་རྩལ་ཡོངས་ཀྱི་དམིགས་ཚད་ཚོད་ལྟས་ར་སྤྲོད་བྱས་པ་དེ་ཡིན་ཞིང་། ཚོད་ལྟ་བྱས་པ་བརྒྱུད། དམིགས་ཚད་ཚང་མ་སྔོན་བཀོད་ཚད་གཞི་ལ་སླེབས་ཡོད་པ་རེད། ཅིང་ཀྲེང་ཨེན་གྱིས་ཐེངས་འདིའི་ཚོད་ལྟ་ལེགས་འགྲུབ་བྱུང་བས། ཁྲའོ་ཞན་གྱིས་འཇིག་རྟེན་ཁམས་གསར་གཏོད་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་པ་རེད།
    ༄༅།།ཁྲའོ་ཞན་གྱིས་ནུས་ཚད་ཆེ་བའི་མེ་ཤུགས་འཕུར་མདའ་སྒུལ་བྱེད་འཕྲུལ་འཁོར་དཔེ་གསར་
ས་ཐོག་མེ་སྦར་ཚོད་ལྟ་བྱས་པ།
    ༄༅།།ཁྲའོ་ཞན་གྱིས་ནུས་ཚད་ཆེ་བའི་མེ་ཤུགས་འཕུར་མདའ་སྒུལ་བྱེད་འཕྲུལ་འཁོར་དཔེ་གསར་
ས་ཐོག་མེ་སྦར་ཚོད་ལྟ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།