འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་གཅིག་པའི་འཛམ་གླིང་དགུན་དུས་དམིགས་བསལ་ཨོ་རྩལ་འགྲན་ཚོགས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྐབས་བཅུ་གཅིག་པའི་འཛམ་གླིང་དགུན་དུས་དམིགས་བསལ་ཨོ་རྩལ་འགྲན་ཚོགས།
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་18ཉིན་གྱི་དགོང་མོར། འཛམ་གླིང་དགུན་དུས་དམིགས་བསལ་ཨོ་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་ཨོ་སི་ཁྲུ་རི་ཡའི་གྲོང་ཁྱེར་ཆུང་ཆུང་སི་ལཱ་ཏེ་མིང་དུ་འཚོག་འགོ་ཚུགས་པ་རེད། ཐེངས་འདིའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པའི་ཀྲུང་གོའི་ལུས་རྩལ་ཚོགས་པ་ནི་ཚོགས་མི་109ལས་གྲུབ་ཅིང་། དེའི་ཁྲོད་དུ་དམིགས་བསལ་ཨོ་རྩལ་ལུས་རྩལ་པ་76ཡོད་པ་དང་། སོ་སོ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་8ནས་ཡོང་བ་ཡིན་ཞིང་། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་གར་སྟབས་འཁྱགས་ཤུད་དང་། མགྱོགས་སྟབས་འཁྱག་ཤུད། བྱེས་བགྲོད་གངས་ཤུད། གངས་ལྷམ་གྱོན་ནས་འགྲོ་བ། ས་ངོས་དབྱུག་ཀྱོག་སྤོ་ལོ་སོགས་འགྲན་ཚན་ཆེ་གྲས་5ལ་ཞུགས་རྒྱུ་རེད། འདི་ནི་རང་རྒྱལ་གྱིས་ཚོགས་པ་བཙུགས་ནས་འཛམ་གླིང་དགུན་དུས་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ལ་ཐེངས་བདུན་པ་ཞུགས་པ་རེད། གོང་གི་པར་རིས་ནི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་འགོ་ཚུགས་མཛད་སྒོར་འཛུལ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།