འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་ཁོངས་ཀྲུང་གོ་བ་མཁས་པར"དབྱིན་ཇིའི་བྱས་རྗེས་གཟེངས་རྟགས"ཐེངས་དང་
    པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་16ཉིན། དབྱིན་ཇིའི་ཁཱ་ཏི་ཧྥུའུ་སློབ་ཆེན་དུ་ཕྱག་ལས་གནང་བཞིན་པའི་ཕྱི་ཁོངས་ཀྲུང་གོ་བ་མཁས་པ་དགེ་རྒན་ཆེ་མོ་ཅང་ཝུན་གོ་ཡིས་ལོན་ཏོན་གྲོང་ཁྱེར་པའེ་ཅིང་ཧན་ཕོ་བྲང་དུ་དབྱིན་ཇིའི་རྒྱལ་པོའི་རྒྱུད་འཛིན་པ་ཁྲར་སི་ཆིན་ཝང་སྐུ་ངོ་མས་གནང་བའི་2017ལོ་འཁོར་གྱི"དབྱིན་ཇིའི་བྱས་རྗེས་གཟེངས་རྟགས"དང་ལེན་བྱས་པ་རེད། འདི་ནི"དབྱིན་ཇིའི་བྱས་རྗེས་གཟེངས་རྟགས"ཐེངས་དང་པོ་སྐྱེས་ཁུངས་ཀྲུང་གོའི་སྐམ་ས་ཆེན་པོ་ནས་ཡིན་པའི་ཚན་རིག་པར་བསྩལ་བ་རེད།
         ཅང་ཝུན་གོ་ཡིས་རྒྱལ་སྤྱིའི་འབྲས་སྐྲན་ཞིབ་འཇུག་ལ་གྲུབ་འབྲས་འབུར་དུ་ཐོན་པ་བཞག་པས་གཟེངས་རྟགས་དེ་ཐོབ་པ་རེད། འདས་ཟིན་པའི་ལོ་20རིང་ལ་ཅང་ཝུན་གོ་ཡིས་ཀྲུང་དབྱིན་རྒྱལ་ཁབ་གཉིས་བར་གྱི་གསོ་རིག་མཉམ་ལས་དང་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་། ཁོང་གིས་གཙོ་ཁྲིད་གནང་ཞིང་པེ་ཅིང་སློབ་ཆེན་དང་རྒྱལ་སའི་གསོ་རིག་ཚན་རིག་སློབ་ཆེན་དང་འབྲས་སྐྲན་ཞིབ་འཇུག་མཉམ་ལས་རྣམ་གྲངས་ལ་དབྱིན་ཇིའི་ཐའེ་ཝུའུ་ཧྲི་ཚགས་པར་ཁང་གི་མཐོ་རིམ་སློབ་གསོའི་རྒྱལ་སྤྱིའི་མཉམ་ལས་གཟེངས་རྟགས་ཆེན་པོ་ཐོབ་མྱོང་བ་དང་། ཁོང་གིས་གཙོ་ཁྲིད་གནང་ནས་བཙུགས་པའི་ཁ་ཏི་ཧྥུའུ་སློབ་ཆེན་གྱི་ཀྲུང་གོའི་གསོ་རིག་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱིས་པེ་ཅིང་དང་། ཀོང་ཀྲོའུ། ཁྲུང་ཆིང་། ཧྲན་ཏུང་། ནང་སོག བྱང་ཤར་སོགས་ཀྱི་ས་ཁུལ་ལ་སྨན་པ་དང་གསོ་རིག་ཞིབ་འཇུག་ཤེས་ལྡན་མི་སྣ་བརྒྱ་ལྷག་གསོ་སྐྱོང་གནང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།