འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་སློབ་གསོ་སྔོན་ལ་འཕེལ་རྒྱས་
    གཏོང་ཐུབ་པ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཉེ་ཆར་འཚོགས་པའི་2017ལོའི་བོད་ཀྱི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2016ལོར་བོད་ཀྱིས་སློབ་གསོའི་ཐད་གཏོང་ཆ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ལོ་འཁོར་མོར་སློབ་གསོའི་ཐད་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་185བཏང་བའི་ནང་། སློབ་གསོའི་གཞི་རྩའི་འཛུགས་སྐྲུན་ཐད་སྒོར་དུང་ཕྱུར་24.89བཏང་ནས། སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོ་མགྱོགས་མྱུར་ཁྱབ་སྤེལ་བཏང་བ་དང་། འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བ། མཐོ་རིམ་སློབ་གསོའི་ནང་གནས་རྣམ་པའི་འཕེལ་རྒྱས་ལ་སྐུལ་མ་གཏིང་ཟབ་གཏོང་བ། དགེ་རྒན་གྱི་དཔུང་ཁག་གི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་བརྟན་དུ་བཏང་ཡོད་པ་རེད།
         2016ལོར་བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐད་གཉིས་སློབ་གསོའི་བུ་བཅོལ་ཁང་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་10.9བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐད་གཉིས་བུ་བཅོལ་ཁང་458གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ནས་སློབ་ཞུགས་གོང་གི་སློབ་གསོའི་ནང་ན་འདྲེས་སློབ་མ་ཞུགས་ཚད་66.24%ཟིན་ཡོད། འོས་འགན་སློབ་གསོའི་ཆ་རྐྱེན་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཚད་ལྡན་ཅན་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་8.5བཏང་ནས་སློབ་གྲྭ་164གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་ཡོ་ཆས་དང་སྒྲིག་ཆས་བཀོད་སྒྲིག་བྱ་ཤུགས་ཆེ་རུ་བཏང་སྟེ་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་སོགས་རྫོང་16ལ་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་རྫོང་ཁོངས་དོ་སྙོམས་ངང་འཕེལ་རྒྱས་གཏོང་བའི་དཔྱད་དཔོག་དང་ཞིབ་བཤེར་རྩིས་ལེན་ཐོབ་ནས་དོ་སྙོམས་རྫོང་36ཟིན་པ་དང་བསྡུར་གྲངས་49%བཟུང་བ། མཐོ་སློབ་དཀྱུས་མ་འཕེལ་རྒྱས་ཀྱི་ལས་གྲྭ་ལག་བསྟར་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་1.6བཏང་ནས་མཐོ་སློབ་དཀྱུས་མ་2གསར་སྐྲུན་དང་མཐོ་སློབ་དཀྱུས་མ་7གྱི་ལེ་ལག་འཐུས་སྒོ་ཚང་དུ་བཏང་བ། སློབ་གསོའི་སྤུས་ཚད་མཐོར་གཏོང་གི་འཆར་གཞི་དང་དེང་རབས་ལས་རིགས་སློབ་གསོ་འཛུགས་སྐྲུན་གྱི་ལས་གྲྭ་ལག་བསྟར་བྱས་ཏེ་འབྲིང་རིམ་ལས་རིགས་སློབ་གྲྭའི་རྨང་གཞིའི་ནུས་པ་དང་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ནས་ལས་རིགས་སློབ་གསོའི་དཔེ་སྟོན་སློབ་གྲྭ་དང་ཁྱད་ལྡན་སློབ་གྲྭ་འཛུགས་སྐྲུན་ལ་སྐུལ་མ་ནུས་ལྡན་བཏང་བས། མཐོ་རིམ་སློབ་འབྲིང་དུས་མཚམས་སུ་ན་འདྲེས་སློབ་ཞུགས་བྱེད་ཚད་75.9%ཟིན་པ་དང་ཞིང་འབྲོག་པའི་བུ་ཕྲུག་སློབ་ཆེན་དུ་རྒྱུགས་འཕྲོད་ཚད་75.4%ཟིན་པ་དང་ཆབས་ཅིག་མ་དངུལ་སྒོར་དུང་ཕྱུར་2བཏང་ནས་བོད་ལྗོངས་སློབ་ཆེན་སོགས་མཐོ་སློབ་ཏུ་བོད་ཀྱི་སློབ་ཁུངས་མ་ཡིན་པའི་གནས་གཏན་འཁེལ་གྱི་སློབ་བསྡུའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་སྤྱད་པ་དང་ས་བབ་མཐོ་ལ་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་གྱི་དགེ་རྒན་གནས་གཏན་འཁེལ་གྱིས་གསོ་སྦྱོང་དང་སློབ་ཞུགས་གོང་གི་སློབ་གསོའི་ཁ་གཏད་མཐོ་རིམ་ལས་རིགས་སློབ་བསྡུ་སོགས་ཆེད་དོན་འཆར་གཞི་ལག་བསྟར་བྱས་ཏེ་དགེ་འོས་སློབ་མ་3643བསྡུས་ནས་དགེ་རྒན་2290གསར་སྣོན་བྱས་པས་དགེ་རྒན་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།
         དགེ་རྒན་གསོ་སྦྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་གསོ་སྦྱོང་དང་བོད་རང་སྐྱོང་ལྗོངས་ཀྱི་གསོ་སྦྱོང་འཆར་གཞི་ཞིང་འབྲོག་ཁུལ་གྱི་གཞི་རིམ་སློབ་གྲྭར་ཕྱོགས་ནས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་ཁྲི་2.4གསོ་སྦྱོང་བྱས་ཡོད། “དགེ་རྒན་རེར་ཕུལ་བྱུང་གི་སློབ་ཚན་རེ་དང་སློབ་ཚན་རེར་གྲགས་ཅན་དགེ་རྒན་རེ་ཡོད་པ་བྱེད་པའི”བྱེད་སྒོ་གཏིང་ཟབ་སྤེལ་བའི་ནང་དགེ་རྒན་ཞུགས་ཚད་65%ཟིན་པ་དང་སློབ་ཚན་218རང་སྐྱོང་ལྗོངས་རིམ་པའི་ཕུལ་བྱུང་སློབ་ཚན་ལ་བདམས་ནས་དགེ་རྒན་གྱི་ལས་སྒོའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། གྲོང་གསེབ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི“འདུ་འགོད་ཆེན་པོ་ལྔ”ལག་བསྟར་བྱས་ནས་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་དགེ་རྒན་རེར་ཆ་སྙོམས་སྒོར་1000ཟིན་པ་དང་དགེ་རྒན་གྱི་མཚན་སྙན་ལམ་ལུགས་བཙུགས་ནས་གྲོང་གསེབ་ཀྱི་དགེ་རྒན་1295ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།