འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་རིག་པའི་གསུང་རྩོམ་མང་པོ་ཞིག་ལོན་ཏོན་དཔེ་དེབ་འགྲེམས་སྟོན་ཐོག་འགྲེམས་སྟོན་
    ཐེངས་དང་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་18ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་14ཉིན། རྒྱལ་སྤྱིའི་རྒྱ་རིག་པ་མཁས་ཅན་མང་པོ་ཞིག་གི་གསུང་རྩོམ་ཚེས་14ཉིན་གྱི་ལོན་ཏོན་དཔེ་དེབ་འགྲེམས་སྟོན་སྐབས་ཞེ་དྲུག་པའི་ཐོག་འགྲེམས་སྟོན་ཐེངས་དང་པོ་བྱས་ནས། རྒྱལ་ཕྱིའི་ཀློག་པ་པོ་ཚོར་ཀྲུང་གོ་ཇི་མ་ཇི་བཞིན་ཤེས་རྟོགས་ཐུབ་རྒྱུའི་རོགས་རམ་བྱས་པ་རེད།
         གསུང་རྩོམ་དེ་དག་གི་ཁྲོད་དུ། འཇར་མན་གྱི་རྒྱ་རིག་པ་མཁས་ཅན་ཀུའུ་པིན་གྱི་《འདས་ལོ་དྲན་གསོ་》དང་། ཧིན་རྡུའི་རྒྱ་རིག་པ་མཁས་ཅན་ཏེ་པོ་ཅེའི་《ཀྲུང་གོ་དང་རྒྱ་གར་དབར་གྱི་མཛའ་བརྩེ་》 དབྱིན་ཇིའི་རྒྱ་རིག་པ་མཁས་ཅན་མའེ་ཁེར·ཏེ་ལུང་རྩོམ་སྒྲིག་ནང་ཞུགས་པའི་《ཀྲུང་གོའི་ལོ་རྒྱུས་མདོར་བསྡུས་དེབ་》སོགས་ཡོད་ལ། དེ་དག་ནི་ཀྲུང་གོ་དཔེ་སྐྲུན་ཚོགས་པ་ཀུང་སིས་བཏོན་པའི“ཕྱི་རྒྱལ་བས་ཀྲུང་གོའི་སྐོར་རྩོམ་འབྲིའི་འཆར་གཞིའི”དཔེ་ཚོགས་ཀྱི་དཔེ་དེབ་གསར་པ་ཡིན་པ་རེད།
         ཀྲུང་གོ་དཔེ་སྐྲུན་ཚོགས་པའི་ཁོངས་གཏོགས་ཀྲུང་གོ་ཡིག་སྒྱུར་དཔེ་སྐྲུན་ཁང་གིས་ཉིན་དེར་སུའེ་ཏེན་གྱི་རྒྱ་རིག་པ་མཁས་ཅན་ལིན་ཤིས་ལི་དང་། ཧྥ་རན་སེའི་རྒྱའི་རིག་པའི་མཁས་ཅན་པའེ་ལེ་སང་གཉིས་དབར“ཕྱི་རྒྱལ་བས་ཀྲུང་གོའི་རྩོམ་འབྲིའི་འཆར་གཞིའི”དེབ་གསར་པ་གཉིས་འབྲི་རྒྱུའི་གྲོས་མཐུན་བཞག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།