འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱིས་ཕུའུ་ཏའོ་ཡི་ཉིང་རྡུལ་ཕྱིར་འཛག་པའི་གནད་དོན་ཐད་འཕྱུགས་མེད་བློས་འགེལ་
    ཆོག་པའི་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་དགོས་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་18ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་16ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཕུའུ་ཏའོ་ཡི་ཉིང་རྡུལ་ཕྱིར་འཛག་པའི་གནད་དོན་ཐད་ཀྲུང་གོས་རི་པིན་སྲིད་གཞུང་ལ་རྒྱལ་སྤྱིའི་སྤྱི་པའི་ཁེ་ཕན་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་འབྲེལ་ཡོད་རྒྱལ་སྤྱིའི་འོས་འགན་ཏན་ཏིག་སྒྲུབ་པ་དང་འཕྱུགས་མེད་བློས་འགེལ་ཆོག་པའི་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ་ལས་རྒྱ་མཚོའི་ཁོར་ཡུག་གི་བདེ་འཇགས་དང་རྒྱལ་ཁབ་གཞན་གྱི་དམངས་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་བཟོ་བའི་བྱ་བ་སྤེལ་མི་རུང་ཞེས་སླར་ཡང་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས“3·15”ཡི་མཚན་ཚོགས་ཐོག་རི་པིན་གྱི་ཉིང་རྡུལ་སྦགས་བཙོག་ཡོད་པའི་ས་ཁུལ་གྱི་ཐོན་ཟོག་ཀྲུང་གོའི་ཁྲོམ་རར་བཏོན་པའི་འབྲེལ་ཡོད་གནད་དོན་སྐོར་དྲིས་པར་ཧྭ་ཁྲུན་ཡིང་གིས་ཀྲུང་གོའི་འབྲེལ་ཡོད་བཟའ་བཅའ་སྤུས་བཤེར་སྡེ་ཚན་གྱིས་ཁྲིམས་ལྟར་ཐག་གཅོད་བྱས་ཏེ་ཀྲུང་གོའི་ཟས་རིགས་བདེ་འཇགས་དང་སྤྱི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
         ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕུའུ་ཏའོ་ཡི་ཉིང་རྡུལ་ཕྱིར་འཛག་པ་དང་དེའི་རྗེས་ཐོན་ཤུགས་རྐྱེན་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། “ཕུའུ་ཏའོ་ཡི་ཉིང་རྡུལ་དོན་རྐྱེན་ཐོན་ནས་ལོ་དྲུག་འཁོར་བའི་སྐབས་འདིར་རི་པིན་གྱི་རྒྱལ་ནང་སྨྱན་སྦྱོར་གྱིས་ཀྱང་དཔྱད་གཏམ་འབོར་ཆེན་སྤེལ་བ་རང་ཉིད་ལ་དོ་སྣང་བྱུང་བ་དང་སྤྱི་ཡོངས་ནས་བརྗོད་ན། རི་པིན་སྲིད་གཞུང་གིས་སྦགས་བཙོག་ཐེབས་པའི་ཆུ་དང་ས་རྒྱུ་དང་དེ་བཞིན་འགྱེད་འཕྲོའི་རང་བཞིན་གྱི་སྙིགས་རོ་གཙང་སེལ་བྱེད་པའི་ཐད་ནུས་ལྡན་གྱི་བྱ་ཐབས་མི་འདང་བ་དང་རྒྱ་མཚོར་ཉིང་རྡུལ་སྦགས་བཙོག་ཐེབས་པའི་ཆུ་ཕྱིར་འབུད་བྱས་པ་ལས་མཐའ་འཁོར་གྱི་རྒྱ་མཚོའི་ཁོར་ཡུག་དང་དམངས་ཚོགས་ཀྱི་བདེ་ཐང་ལ་མངོན་མེད་རྐྱེན་ངན་བཟོས་པ་དང་། འབྲེལ་ཡོད་ཁ་གཏད་གཅོག་ཐབས་ རྗེས་ལུས་ཐེབས་པ་མ་ཟད་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུ་ཁ་གསལ་པོ་མེད་པ། བཟའ་བཅའི་བདེ་འཇགས་སོགས་འབྲེལ་ཡོད་གྲངས་གཞིར་གོ་སྐོན་བློ་འགུག་གི་ནུས་པ་ཆེན་པོ་མེད་པ་བཅས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།
         ཁོང་གིས་ཕུའུ་ཏའོ་ཡི་ཉིང་རྡུལ་ཕྱིར་འཛག་པ་དང་དེའི་རྗེས་མཐུད་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རི་པིན་གྱི་རྒྱལ་དམངས་ཀྱི་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་ལ་ཀྲུང་གོ་ཚུད་པའི་ཁྱིམ་མཚེས་རྒྱལ་ཁབ་ལའང་ཤུགས་རྐྱེན་ཐེབས་རྒྱུ་རེད། “བློ་ཕམ་སྐྱེ་འོས་པ་ཞིག་ལ་རི་པིན་སྲིད་གཞུང་གིས་འདས་ཟིན་པའི་ལོ་6ནང་ཕུའུ་ཏའོ་ཡི་ཉིང་རྡུལ་ཕྱིར་འཛག་པའི་གནད་དོན་སྦ་གསང་གང་ཐུབ་བྱེད་པའམ་ཡང་ན་ཕྱེད་བཤད་ཕྱེད་སྐུང་བྱས་ནས་རྒྱལ་ཁབ་ཕྱི་ནང་གིས་རི་པིན་གྱི་གནད་དོན་ལ་སེམས་ཁྲལ་བྱེད་པའི་ཐད་སྔར་ནས་ད་བར་མི་སེམས་རྣལ་ལ་བབ་པ་དང་བློས་འགེལ་ཆོག་པའི་ལན་ཞིག་གཏན་ནས་བཏབ་མེད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།