འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།གངས་ཆེན་བབས་ནས་བོད་ཀྱི་ས་གནས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་
    ཤུགས་རྐྱེན་ཐེབས་ཀྱང་ད་ལྟ་སྤྱིར་ན་སླར་གསོ་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་18ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་15ཉིན་གོང་གངས་ཆེན་བབས་པའི་བོད་ཀྱི་གཞིས་རྩེ་དང་། མངའ་རིས། ལྷོ་ཁ། ནག་ཆུ་སོགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟ་ས་གནས་དེ་དག་གི་འཕྲིན་གཏོང་དང་གློག་གཏོང་བཅས་རིམ་བཞིན་སླར་གསོ་ཐུབ་ནས་མི་སྣ་ཤི་རྨས་བྱུང་མེད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སྤྱིར་ན་རྒྱུན་གཏན་ལྟར་སླར་གསོ་ཐུབ་ཡོད་པ་རེད།
         ཟླ་3ཚེས་10ཉིན་ནས་བཟུང་བོད་ཀྱི་ས་ཁུལ་མང་ཆེ་བར་གངས་ཆེན་བབས་ནས་ས་ཁུལ་དང་གྲོང་ཁྱེར་7གྱི་འཕྲིན་གཏོང་འབྲེལ་ཚུགས་1199སྐྱོན་ཤོར་ནས་ཞབས་ཞུ་བྱེད་མཚམས་འཇོག་དགོས་བྱུང་ཡོད། ཚེས་15ཉིན་གྱི་ཆུ་ཚོད་19ཙམ་དུ་འབྲེལ་ཚུགས་1130གཉེར་སྐྱོང་སླར་གསོ་ཐུབ་ཡོད་པ་རེད།
         ཚེས་14ཉིན་བར་གཞིས་རྩེ་གྲོང་ཁྱེར་དུ་གངས་བབ་མཚམས་ཆད་ཅིང་། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་སློབ་གྲྭར་ཕྱིར་ལོག་བྱས་པ་དང་ལས་བཟོ་ལས་གནས་ཐོག་ཕྱིར་ལོག་བྱས་པ་མ་ཟད། ཞིང་འབྲོག་ཁུལ་གྱི་གཟན་ཆག་དང་། འབྲུ་རིགས། ཕྱུགས་སྨན། ཉལ་ཆས། གྲང་འགོག་གྱོན་གོས་སོགས་ཀྱི་གྲབས་གསོག་འདང་ངེས་ཡོད་པ་རེད། རྒྱལ་ལམ་318དང་། རྒྱལ་ལམ་219 གཞིས་རྩེ་གྲོང་ཁྱེར་ནས་གྲོ་མོ་རྫོང་བར་གྱི་ལམ་དུམ་བུ་ཁག་གཅིག་མཚན་མོ་སྔར་བཞིན་འགྲིམ་འགྲུལ་དོ་དམ་བྱེད་པ་ཕུད་ལམ་ཐིག་གཞན་དག་ཚང་མ་རྒྱུན་གཏན་ལྟར་ཤར་གཏོང་ཐུབ་ཡོད་པ་རེད།
         གངས་ཅུང་ཆེན་པོ་བབས་པའི་གཞིས་རྩེའི་གཉའ་ནང་རྫོང་དང་སྐྱིད་གྲོང་རྫོང་ལ་གློག་ཤུགས་དང་འཕྲིན་གཏོང་སླར་གསོ་ཐུབ་ཡོད། སྐྱིད་གྲོང་རྫོང་གིས་གཟན་རྩྭ་དང་གཟན་ཆག་ཏུན་100སྲིད་འཛིན་གྲོང་ཚོ་ཁག་ལ་གསབ་སྣོན་བྱས་ཏེ་གངས་ཆེན་བབས་རྗེས་ཀྱི་ཕྱུགས་རིགས་ཀྱི་གཟན་ཆག་དང་གཟན་རྩྭ་ཁ་གསབ་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།