འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནས་སྣོད་བཅུད་ཁྲིམས་འགལ་གྱོད་གཞི་
    ཁྱོན་29ཞིབ་བཤེར་ཐག་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་18ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་གསལ། 2016ལོར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནས་རིགས་ཁག་གི་སྣོད་བཅུད་ཁྲིམས་འགལ་གྱི་གྱོད་གཞི་29ཞིབ་བཤེར་ཐག་གཅོད་བྱས་ནས་གླིང་ཁུལ་གྱི་རང་བྱུང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱས་ཡོད།
         གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཁུང་ལིན་ཀྲི་ཡིས་ལོ་མང་རིང་བསྟུད་མར་རྡུང་རྡེག་དང་བཅོས་སྒྲིག་བྱས་པ་བརྒྱུད་ལྐོག་སྔོན་དང་། ལྐོག་གཅོད། ལྐོག་འཐུ་སོགས་ཁྲིམས་འགལ་བྱེད་སྤྱོད་གཙང་གསུམ་ཆུ་འགོའི་ཁུལ་དུ་སྤྱིར་ན་མཐོང་རྒྱུ་མེད་མོད། འོན་ཀྱང་ཆོག་མཆན་མ་ཐོབ་པར་སྔོན་སྐྲུན་དང་ཁྲིམས་འགལ་ངང་གང་བྱུང་དུ་བསྐྲུན་པ་སོགས་སྣང་ཚུལ་སྔར་བཞིན་གནས་ཡོད་ཅེས་ངོ་སྤྲོད་བྱས་ཤིང་། དེས་ན་ཅུས་དེས་ན་ནིང་མཉམ་འབྲེལ་ཁྲིམས་འཛིན་གྱི་ཆེད་དོན་བྱ་སྤྱོད་ཐེངས་མང་སྤེལ་ནས་འབྲེལ་ཡོད་ཁྲིམས་འགལ་ཚན་པ་19དང་ཁྲིམས་འགལ་མི་སྣ་12ལ་ཐག་གཅོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།